ཧན་ཀྲིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་གཞུང་ཕྱོགས་མིན་པའི་གླེང་མོལ་གྱི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2025.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་རིམ་པ་མཐོ་བའི་གཞུང་ཕྱོགས་མ་ཡིན་པའི་གླེང་མོལ་གྱི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་སྟེང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན།  མིག་སྔར། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་གནད་འགག་ཆེ་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་གནས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་བྱས་ན། གཞི་ནས་རྒྱལ་ཁབ་གཉིས་ཀར་ཕན་པར་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བ་ལའང་ཕན་པ་ངེས་ཅན་ཡོད། རེ་བ་ཡིན་ན། ཀྲུང་གོ་དང་ཨ་མེ་རི་ཁའི་རིམ་པ་མཐོ་བའི་གཞུང་ཕྱོགས་མ་ཡིན་པའི་གླེང་མོལ་གྱིས་རྒྱལ་ཁབ་གཉིས་ཀྱི་འཇོན་མིའི་ལྟ་བ་ཡང་དག་པ་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ཏེ། ཨ་མེ་རི་ཁའི་ལས་རིགས་སོ་སོས་ཀྲུང་གོར་རྒྱུས་ལོན་དང་ཤེས་རྟོགས་བྱེད་ཚད་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་བདེ་ཐང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་རིམ་པ་མཐོ་བའི་གཞུང་ཕྱོགས་མ་ཡིན་པའི་གླེང་མོལ་དེ་ཕྱོགས་གཉིས་ཀྱིས་ཕ་རོལ་པོར་རྒྱུས་ལོན་ལེགས་པོ་བྱ་རྒྱུར་ཕན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་རིག་ལམ་སྔར་ལས་གང་མང་མཁོན་འདོན་བྱེད་ཐུབ། ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་མི་རྣམས་ཡིད་སྨོན་འཆོར་ཡོད། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་མ་དངུལ་འཇོག་པ་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་བསྟན།