ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་ནན་མོ་བྱེད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2025.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས6ཉིན།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་ནན་མོ་བྱེད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། གྲོས་ཚོགས་ལས་མཛུབ་སྟོན་ཚན་ཆུང་སོ་སོས་ཏང་ཀྲུང་དབྱང་གིས་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། མཛུབ་སྟོན་དང་ལྟ་སྐུལ་མཛུབ་སྟོན་བྱ་བ་ཟབ་སྤེལ་དང་ཏན་ཏིག་གིས་སྒྲུབ་པ། ས་གནས་དང་ལས་ཁུངས་སོ་སོས་མུ་མཐུད་དུ་སློབ་སྦྱོང་ཟབ་སྤེལ་ཐུབ་པར་སྐུལ་འདེད་གཏོང་བ། ངེས་པ་དོན་གྱིས་གནད་ལ་འཁེལ་བའི་སྒོ་ནས་གནད་དོན་འཚོལ་བ་དང་གཅིག་སྡུད་ལེགས་བཅོས་ལ་ཤུགས་སྣོན་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་མཐོང་ཆེན་བྱེད་པ། འགན་འཁྲི་དང་ལས་འགན་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོར་སྔར་ལས་ཏན་ཏིག་དང་འབུར་དུ་ཐོན་པའི་ཕན་འབྲས་ལོན་པར་འགན་ལེན་བྱ་དགོས་ཞེས་ནན་བཤད་བྱས།