ཟླ6པའི་ཚེས6ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གྲོས་བསྡུར་བརྗེ་རེས་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། སྐབས་དགུ་པ་དང་བཅུ་པའི་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། མ་ཀྲི་ཝའེ་དང་ལིའུ་ཐུང་ཏི་སོགས་བློ་མཐུན14ཡིས་གཏམ་བཤད་པ་དང་། ཟུར་ཚད་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ངོས་ནས་མཚོ་སྔོན་གྱི་གཏམ་རྒྱུད་དང་། ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད། སྲིད་གྲོས་ཀྱི་གཏམ་རྒྱུད། ཨུ་ཡོན་ཀྱི་གཏམ་རྒྱུད་བཅས་བཤད་པས། སྲིད་གྲོས་ལ་དགའ་བ་དང་སྲིད་གྲོས་ལ་སྟོབས་ཤུགས་འབུལ་ཐུབ་པ། སྲིད་གྲོས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བརྩེ་སེམས་ཟབ་མོ་གང་ལེགས་སྒོས་མངོན་པར་བྱས།
གྲོས་ཚོགས་ལས་བསྟན་དོན། ལོ་ངོ70རིང་མཚོ་སྔོན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་མཐུན་གྱིས་ལས་རིགས་གཅིག་ལ་ཕྱོགས་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་དུ་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་འགྲུབ་ལག་ལེན་གསོན་ཉམས་དོད་པོས་མངོན་པར་བྱས། མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བ་དང་མཚོ་སྔོན་སྲིད་གྲོས་བཙུགས་ནས་ལོ70འཁོར་བ་དེས་ང་ཚོར་འབད་འཐབ་ཀྱི་འགོ་རྩོམ་ས་གསར་པ་ཞིག་བཀོད། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། “གཏན་ཕབ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ནས། སྤྱོད་ཚུལ་བཟང་པོས་སེམས་ནུས་གཅིག་སྒྲིལ་དང་། དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་སྲིད་གྲོས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ནི་ཆབ་སྲིད་རྩ་འཛུགས་ཡིན་པའི་རྩ་བའི་ངོ་བོ་དམ་འཛིན་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཆབ་སྲིད་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཐུན་མོང་འབད་བརྩོན་དམིགས་འབེན་དྲིལ་བསྒྲགས་དང་འགྲེལ་བཤད་བཟང་བོ་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་མཚོ་སྔོན་དུ་ཡུན་རིང་འགོ་ཁྲིད་སྲིད་སྐྱོང་བྱས་པའི་སྤྱི་ཚོགས་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཁྱད་ཆོས་མངོན་གསལ་དམ་འཛིན་བྱས་ཏེ། མཐུན་སྒྲིལ་གྱི་འདུ་ཤེས་དང་མཐུན་སྒྲིལ་གྱི་བསམ་གཞིགས། མཐུན་སྒྲིལ་གྱི་བྱེད་སྟངས་བཅས་ཀྱི་ཐོག་ནས་བྱ་བ་སྒྲུབ་མཁས་པོ་བྱེད་པ་དང་། སྐྱིད་སྡུག་མཉམ་མྱོང་དང་སེམས་ཤུགས་གཅིག་སྒྲིལ། ལག་གདང་མཉམ་སྦྲེལ། གཅིག་སེམས་གཅིག་གཏད་བཅས་ཀྱིས་མི་དམངས་སྲིད་གྲོས་ཀྱི་སྟེགས་བུ་འོད་འཚེར་ཞིང་གསོན་ཉམས་ལྡན་དུ་འཇུག་དགོས། མི་དམངས་སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་དམ་འཛིན་ཡག་པོ་བྱས་ཏེ། ཏང་ཁག་སོ་སོའི་ཚོགས་སྤྱི་དང་མི་རིགས་སོ་སོ། ལས་རིགས་སོ་སོའི་མི་སྣ་གོ་རིམ་ལྡན་པའི་ཆབ་སྲིད་ནང་ཞུགས་པ་དང་ཁེ་ཕན་མཚོན་པར་ལམ་ལུགས་ཅན་གྱི་སྟེགས་བུ་འཛུགས་དགོས་ལ། ཚད་མཐོའི་གཅིག་མཐུན་ལ་བརྟེན་ནས་ཚང་མས་མཉམ་དུ་གནད་དོན་ལ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་སྒྲུབ་རྒྱུར་སྐུལ་མ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་བརྩོན་ཆེན་པོས་འབྲི་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་སྐབས་རིམ་བྱུང་གི་ཀྲུའུ་ཞི་གཞོན་པ་སྐོར་ཞིག ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཐིན་རིམ་པའི་ལས་བྱེད་པ། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་དང་དེ་མིན་སྲིད་གྲོས་ཀྱི་ཨུ་ཡོན་དང་འཐུས་མི་སྐོར་ཞིག་གྲོས་ཚོགས་སུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།