ཞི་ཅིན་ཕིང་གིས་ནཱ་ཧྥུའུ་ལའོ་ཚི་ཅི་ཕོ་ལན་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2025.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ལའོ་ཨར·ནཱ་ཧྥུའུ་ལའོ་ཚི་ཅི་ལ་གློག་འཕྲིན་བཏང་ནས། ཁོ་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཕོ་ལན་ནི་ཀྲུང་གོ་གསར་པའི་བར་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བརྩེ་དང་ཕན་ཚུན་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་གྲུབ་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བཙུགས་ནས་ལོ76འཁོར་བའི་རིང་ལ།  རྒྱལ་ཁབ་གཉི་གས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། མིག་སྔའི་འགྱུར་ལྡོག་སྣ་མང་གི་རྒྱལ་སྤྱིའི་གནས་སྟངས་འོག་ཏུ། ཀྲུང་གོ་དང་ཕོ་ལན་གཉི་གས་མཛའ་བརྩེ་ཆེ་ལ་རོགས་རེས་ཡིན་པའི་བསམ་ཕྱོགས་བཟུང་ནས། ཆབ་སྲིད་ཐད་ ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་དགོས། ངས་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད་པས། སྲིད་འཛིན་ནཱ་ཧྥུའུ་ལུའོ་ཚི་ཅི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཕོ་ལན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། འཛམ་གླིང་ལ་སྔར་ལས་ལྷག་པའི་བརྟན་བརླིང་རང་བཞིན་དང་ངེས་གཏན་ཡོད་པའི་རང་བཞིན་སྣོན་འདོད་ཡོད་ཅེས་གསུངས།