ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བའི་བཀོད་གཏོང་ཚོགས་འདུ་བསྡུས།
2025.06.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བའི་བཀོད་གཏོང་ཚོགས་འདུ་བསྡུས་པ་དང་།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་ཚན་གྱི་ཀྲུའུ་རིན་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ཏང་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་བཅས་ནི་མིག་སྔའི་སློབ་སྦྱོང་སློབ་གསོའི་འགན་འཁྲི་གཙོ་བོ་རེད། ཆབ་སྲིད་ཀྱི་ཁ་ཕྱོགས་དང་མཐུན་པའི་སྒོ་ནས་ལྟ་སྐུལ་ནན་མོ་དང་དངོས་སུ་ཁྲིད་སྟོན་བྱེད་པ་དང་། ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས།  “རིམ་དམའི་དམར་པོ”དང་“རིམ་དམའི་ནག་པོ”སྔོན་འགོག་ནན་མོ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་ཀྱིས་ལྟ་སྐུལ་ནན་མོ་དང་དངོས་སུ་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་བཤེར་འདོན་གཏིང་ཟབ་ཏུ་གཏོང་བ།    དངོས་སྒྲུབ་བཙན་འཇུན་དག་བཅོས་ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་ཏེ།    གནད་དོན་ཡང་དག་དང་ཞིབ་ཕྲའི་ངང་བཙལ་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས།  གཙོ་གནད་དང་དཀའ་གནད་དམ་འཛིན་བྱས་ནས་ལྟ་སྐུལ་ནན་མོ་དང་དངོས་སུ་ཁྲིད་སྟོན་བྱེད་པ་དང་།    སྒྲིག་འགལ་བཟའ་བཏུང་བཀག་འགོག་ནན་མོ་བྱེད་པ།    རྣམ་པ་བསྒྱུར་བའི་ཡུལ་སྐོར་གཏན་འགོག་བྱེད་པ།   དཀའ་ངལ་ཆེ་བའི་གནད་དོན་མཁྲེགས་གཏོར་བྱེད་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འཛེམ་མེད་དུ་སྒྲིག་འགལ་བྱེད་པར་བྱེད་ཐབས་ངོ་མ་སྤྱོད་པ་དང་གྱོད་དཔེ་འཛིན་པ། དེ་མ་ཉིད་དུ་འཛིན་པ། བརྡ་ཁྱབ་བསྒྲག་རྒྱུ་འཛིན་པ་བཅས་བྱས་ནས་ཟིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། བཅོས་སྒྲིག་ཕན་འབྲས་ལ་ལྟ་སྐུལ་ནན་མོ་དང་ཁྲིད་སྟོན་དངོས་ལ་དོ་སྣང་དམ་པོ་བྱས་ཏེ། ལྟ་སྐུལ་གྱི་ནུས་པ་ལེགས་པར་བཏོན་ནས། གནད་དོན་གྱི་གསལ་ཁྲར་ཞིབ་བཤེར་བྱེད་པའི་འགག་སྒོ་དམ་འཛིན་བྱེད་པར་ཤུགས་བསྣན་ཏེ། “བཀོལ་སྤྱོད་བྱེད་ཆོག་པ་དང་དཔྱད་འཇོག་བྱེད་ཐུབ་པ།    ཕན་འབྲས་ཐོན་ཐུབ་པ། དུས་བཀག་ཡོད་པའི”བཅོས་སྒྲིག་གི་བྱེད་ཐབས་གཏན་འབེབས་བྱས་ཏེ།    སྦྲེལ་གནས་ཀྱི་འགུལ་རྣམ་རྩིས་ཐོ་གསར་བརྗེ་དང་།    མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས།    མང་ཚོགས་ཀྱི་གདེང་འཇོག་ཁྲོད་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྟག་བཤེར་བྱེད་དགོས།    འགན་འཁྲི་ནན་དཀྲི་བྱས་ཏེ་ལྟ་སྐུལ་ནན་མོ་དང་དངོས་སུ་ཁྲིད་སྟོན་བྱེད་པ་དང་།    “འགོ་གཙོ་དང་པོ”དམ་དུ་འཛིན་པ།    གནོན་ཤུགས་བརྒྱུད་འདྲེན་རྐྱེན་སྲོལ་འབུར་དུ་ཐོན་པར་བྱེད་པ།    ཕྱོགས་སོ་སོའི་འགན་འཁྲི་ནན་དཀྲི་བྱེད་པར་སྐུལ་འདེད་གཏོང་བ།    མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ།    ལྟ་སྐུལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆགས་པར་བྱེད་པ་བཅས་བྱས་ནས།    སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།