ལུའོ་ཏུང་ཁྲོན་གྱིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཧྥུའུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཀྲི་མེན་དང་ཁེ་ལས་པའི་འཐུས་ཚབ་ལ་ཐུག་འཕྲད་བྱས།
2025.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཧྥུའུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཀྲི་མེན་དང་ཁེ་ལས་པའི་འཐུས་ཚབ་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཝུའུ་ཀྲི་མེན་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་གདེང་ཚོད་ཡོད་པའི་སྒོ་ནས་མདུན་སྐྱོད་བྱེད་བཞིན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ནས་གསར་དུ་གོམ་སྟབས་བརྟན་པོ་སྒྱུར་བཞིན་ཡོད། ཧྥུའུ་ཅན་དང་མཚོ་སྔོན་ས་ཆ་གཉིས་ལ་ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་གྲུབ་ཚུལ་སྟེང་ཁ་གསབ་རང་བཞིན་ཆེན་པོ་ལྡན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ཁེ་ལས་པ་ཚོས་རང་སྟེང་གི་ལག་རྩལ་དང་མ་དངུལ། འཇོན་མི། ཚོང་ར་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། གཞི་གྲངས་ཆེན་པོ་དང་ལྗང་གློག་གསོག་ནུས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ། ལྗང་མདོག་རྩིས་ནུས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ལ་དམིགས་ནས་མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱས་ཏེ། ཧུར་ཐག་གིས་ཕྱོགས་གཉི་གར་མཐུན་རྐྱེན་སྦྱོར་བ་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་རྒྱུན་མཐུད་ངང་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་རྩེ་གྲ་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ནས། རྒྱ་ཆེའི་ཁེ་ལས་ཀྱིས་འདྲ་མཉམ་སྒོས་འགྲན་རྩོད་བྱེད་པ་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་བྱེད་རྒྱུ་ཡིན།

ཝུའུ་ཀྲི་མེན་དང་ཁེ་ལས་པའི་འཐུས་ཚབ་ཀྱིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཧྥུའུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དཔལ་འབྱོར་ལས་རིགས་དང་རང་སོ་སོའི་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་སྐྱེ་ཁམས་དང་དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། དངུལ་གཏོང་མཉམ་ལས་ཀྱི་རེ་འདུན་གླེང་། ཁོ་ཚོས་ཕྱོགས་གཉིས་ཀྱིས་ཐེངས་འདིའི་ཐུག་འཕྲད་རྐང་འཛུགས་ས་རུ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་བརྗེ་རེས་རྐྱེན་སྲོལ་འཛུགས་པ། ས་ཆ་གཉིས་ཀྱི་དམངས་གཙོ་རྒྱལ་འཛུགས་རྩ་འཛུགས་དང་བཟོ་ཚོང་ལས་རིགས་བར་གྱི་འཚམས་འདྲི་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། དྭངས་གསར་ཧྥུའུ་ཅན་དང་རབ་མཛེས་མཚོ་སྔོན་གྱི་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་སྟོབས་ཤུགས་འབུལ་རྒྱུའི་རེ་སྒུག་བྱས་ཡོད་ཅེས་བཤད།

རིན་ཆེན་མཚོས་བསྒྱུར།