ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།
2025.06.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་ཀྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། 2024ལོའི་དཔྱད་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཐོབ་སླ་མོ་མིན་པའི་གྲུབ་འབྲས་མཐའ་གཅིག་ཏུ་སྲ་བརྟན་དུ་བཏང་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་སུ་ལེགས་འགྲུབ་འབྱུང་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུའི་སྟེང་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། མངགས་བཅོལ་ཡིད་ལ་བཟུང་ནས་དྲིན་ཚོར་ཡར་བརྩོན་བྱས་ལ། དཀའ་ངལ་གདོང་གིས་བསུས་ཏེ་དཀའ་སྤྱད་འབད་འཐབ་བྱས་པས། མཐའ་འཁྱོལ་ནུས་ལྡན་སྒོས་ཚད་མཐའ་དམ་སྲུང་དང་། འཕེལ་རྒྱས་དམ་འཛིན། དར་རྒྱས་ལ་ཡར་སྐུལ་བྱས་ཤིང་། སེམས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་ཡང་བསྐྱར་གྲུབ་འབྲས་བཟང་པོ་ཞིག་བླངས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ནུས་ལྡན་སྦྲེལ་མཐུད་བར་བརྒལ་དུས་སྐབས་ཀྱི་མཇུག་མཐའི་ལོ་ཡིན། ནུས་ཤུགས་གཅིག་བསྡུས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་སྟེ། རྨོ་ཞིང་སྲུང་སྐྱོབ་ཉེན་མཚམས་དམ་པོར་སྲུང་བ་དང་། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཇེ་ཆེར་བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་འདེགས་སྐྱོར་སྲིད་ཇུས་དངོས་འབེབས་བྱེད་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་ཕྱིར་དབུལ་བོར་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱས་ཏེ། ལྟ་ཞིབ་ཚད་ལེན་བྱེད་ཡུལ་གནད་འཁེལ་ངོས་འཛིན་དང་། རོགས་སྐྱོར་བྱེད་ཐབས་རིགས་བགར་དངོས་འབེབས་བྱས་ནས། ཉེན་ཁ་དོ་དམ་བྱ་བ་ཡག་པོར་སྒྲུབ་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་ལས་གནས་དང་ལས་ཞུགས་བརྟན་པོར་གཏོང་བའི་བྱ་བ་དམ་འཛིན་བྱས་ཏེ། འབྲེལ་ཡོད་རོགས་འདེགས་སྲིད་ཇུས་དངོས་འབེབས་བྱེད་པ་དང་། རྩལ་ནུས་གསོ་སྦྱོང་དང་མཛུབ་སྟོན་ཞབས་ཞུར་ཤུགས་བསྣན་ནས་ལས་ཞུགས་སྤུས་ཚད་ཇེ་མཐོར་གཏོང་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་རོགས་སྐྱོར་ཐོན་ལས་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་སྟེ། ཕྲེང་འབྲེལ་སྣུར་སྲིང་དང་ཁ་གསབ། ཤུགས་དྲག་ཏུ་བཏང་ནས་གསོག་གྲངས་ལེགས་པོར་གཏོང་བ་དང་། ལས་གཞིའི་འཕར་གྲངས་རྒྱ་བསྐྱེད་པར་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་ལས་གཞིའི་མ་དངུལ་གྱི་རྒྱུ་ནོར་དོ་དམ་ཤུགས་དྲག་ཏུ་བཏང་སྟེ། ལམ་ལུགས་འཐུས་ཚང་དང་ལྟ་སྐུལ་དོ་དམ་ཇེ་ནན་དུ་གཏོང་བ། ཕན་འབྲས་རྗེས་འདེད་བཅས་བྱས་ནས་འཕེལ་རྒྱས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་རོགས་སྐྱོར་གཞོགས་འདེགས་ཀྱི་སྤུས་ནུས་ཇེ་ཆེར་བཏང་སྟེ། གཙོ་གནད་འབུར་དུ་བཏོད་པ་དང་བྱེད་ཐབས་གསར་གཏོད་བྱེད་པ། ཁྱབ་ཁོངས་རྒྱ་བསྐྱེད་ནས་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་རོགས་ཤུགས་བཏོན་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་ཆེད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཚོགས་འདུའི་སྟེང་ས་གནས་དང་སྡེ་ཁག་སོ་སོས་བྱ་བ་སྒྲུབ་མཁས་དང་ཁག་ཁུར་ཤུགས་དྲག་ཏུ་བཏང་སྟེ། ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ཁུར་ལེན་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་དགོས། བྱ་བའི་བྱེད་ཕྱོགས་བསྒྱུར་བ་དང་དངོས་འབྲས་བརྩོན་ལེན་བྱས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་འཛིན་པ་དང་། གནད་དོན་དག་ཐེར་བྱེད་རྒྱུ་དེ་དམངས་ཚིས་དོན་དངོས་ལེགས་པོར་སྒྲུབ་པ་དང་ཟུང་འབྲེལ་བྱས་ནས་དག་ཐེར་བྱ་བ་དམ་འཛིན་ནན་མོ་བྱེད་དགོས། ཚད་གཞི་མཐོན་པོ་དང་བླང་བྱ་གཟབ་ནན་བཏོན་ཏེ། དམིགས་འབེན་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་བཅད་བཀོད་གཏོང་ལ་ཤུགས་སྣོན་པ། བྱ་བའི་བྱེད་ཐབས་ལེགས་སྒྱུར་བྱེད་པ་བཅས་བསམ་པའི་ཉམས་འགྱུར་ལེགས་པོར་བརྟེན་ནས་མཇུག་བསྡུའི་ལས་དོན་ཡག་པོར་སྒྲུབ་སྟེ། རང་ཞིང་གི་གྲོང་གསེབ་དར་སྤེལ་བྱ་བས་ཐོད་བརྒལ་གསར་བ་ལོན་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་བརྙན་རིས་ཀྱི་རྣམ་པས་བསྡུས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ལིའུ་ཆི་ཧྥན་དང་། ལིའུ་མཱེ་ཕེན། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝུའུ་ལ་ཙི་པིའེ་ཁི་རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། ཟི་ལིང་གྲོང་ཁྱེར་དང་། ལི་ཏུའུ་ས་ཁུལ་གྱིས་བརྗེ་རེས་གཏམ་བཤད་སྤེལ།

རིག་འཛིན་སྒྲོལ་མས་བསྒྱུར།