ས་གནས་དེ་གའི་ཟླ6པའི་ཚེས8ཉིན་ནས་ཚེས9ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གདན་ཞུས་ལྟར་ཧྥ་རན་སིར་ཕེབས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་པར་མ་ཟད་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གནང་། འདི་ནི་ཟླ6པའི་ཚེས9ཉིན། ཧན་ཀྲིན་གྱིས་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གནང་བའི་ཚུལ་རེད།
ས་གནས་དེ་གའི་ཟླ6པའི་ཚེས8ཉིན་ནས་ཚེས9ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གདན་ཞུས་ལྟར་ཧྥ་རན་སིར་ཕེབས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་པར་མ་ཟད་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གནང་།
ཧན་ཀྲིན་གྱིས་བསྟན་དོན། རྒྱ་མཚོ་དང་བཅས་པའི་ཁྱབ་ཁོངས་སོ་སོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་འགྲུབ་པར་བྱེད་དགོས་ན། ཕྱོགས་སོ་སོས་མཉམ་དུ་ལས་འགན་འཁུར་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོ་མིའི་རིགས་འཚོ་སྡོད་བྱེད་པའི་ལྗང་མདོག་གི་སྐར་མའི་གོ་ལ་འདི་ནི་རྒྱ་མཚོས་བར་ཆོད་པའི་ཁེར་རྐྱང་གི་གླིང་ཕྲན་རེ་རེ་མ་ཡིན་པར། རྒྱ་མཚོས་སྦྲེལ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་ལོ་ཡིན་པས། ང་ཚོས་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་གོ་སྐབས་སུ་བརྩིས་ནས། ཐོན་ཁུངས་སྲུང་སྐྱོབ་དང་རྒྱུན་མཐུད་བེད་སྤྱོད་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཤིང་། རྒྱ་མཚོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
གཅིག་ནི་ཞི་བདེ་བདེ་འཇགས་ཀྱི་རྒྱ་མཚོ་མཉམ་སྐྲུན་བྱེད་དགོས་པ་སྟེ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང། རྒྱལ་སྤྱིའི་རྒྱ་མཚོའི་སྒྲིག་སྲོལ་མཉམ་དུ་བརྩི་སྲུང་བྱས་ནས། མིའི་རིགས་ཀྱིས་མཉམ་དུ་རྒྱུ་ནོར་རྒྱུན་འཛིན་བྱེད་པར་སྲུང་སྐྱོབ་བྱེད་དགོས། གཉིས་ནི་སྤྱི་ཕན་དར་རྒྱས་ཀྱི་རྒྱ་མཚོ་མཉམ་སྐྲུན་བྱེད་དགོས་པ་སྟེ། མཚོ་ཐོག་གི་མཉམ་འབྲེལ་མཉམ་མཐུད་དང་དངོས་གཉེར་མཉམ་ལས་ལ་ཧུར་ཐག་གིས་ཡར་སྐུལ་བྱེད་དགོས། ཀྲུང་གོས་ཕྱོགས་གཉིས་དང་ཕྱོགས་མང་གི་མཉམ་ལས་ལས་གཞི་སྤེལ་ནས། གླིང་ཕན་ཆུང་བའི་རྒྱལ་ཁབ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གསུམ་ནི་དཔལ་ཡོན་མཉམ་འདྲེས་ཀྱི་རྒྱ་མཚོ་མཉམ་སྐྲུན་བྱེད་དགོས་པ་སྟེ། རྒྱ་མཚོའི་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་མཐོང་ཆེན་བྱེད་པ་དང་། རྒྱ་མཚོར་འབྲེལ་བའི་གྲོས་མོལ་སྟེགས་བུ་སྔར་ལས་མང་པོ་བཙུགས་ནས། འདྲ་མཉམ་དང་དྲང་གཞག སྒོ་འབྱེད། དཀྱེལ་ཡངས་བཅས་ཀྱི་རྒྱ་མཚོའི་སྒྲིག་སྲོལ་འཛུགས་དགོས། བཞི་ནི་དག་གཙང་མཛེས་སྡུག་གི་རྒྱ་མཚོ་མཉམ་སྐྲུན་བྱེད་དགོས་པ་སྟེ། ཀྲུང་གོའི་ཕྱོགས་ཀྱིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐེབས་རྩ་བརྒྱུད་ནས། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱ་མཚོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆོད་དོན་གྱིས་སྔ་མོ་ནས་སྤྱོད་གོ་ཆོད་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཚོགས་འདུར་ཞུགས་སྐབས། ཧན་ཀྲིན་གྱིས་སོ་སོར་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་ཐུག་འཕྲད་བྱས།
མཱ་ཁི་ལུང་དང་ཐུག་འཕྲད་བྱེད་སྐབས། ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་མཱ་ཁི་ལིང་ལ་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་སྔོན་མར་སྐུ་ཞབས་སྲིད་འཛིན་དང་ཁ་པར་ལས་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་བརྗེ་རེས་ཟབ་མོ་མཛད་པར་མ་ཟད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཐེངས་འདིར་ང་ཧྥ་རན་སིར་ཡོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ལ་ཞུགས་དོན་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྥ་རན་སིའི་ཕྱོགས་ཀྱི་གཙོ་སྒྲུབ་པར་རྒྱབ་སྐྱོར་བྱེད་ཆེད་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་ཀྱི་འཐབ་ཇུས་རང་བདག་རྒྱུན་འཁྱོངས་ལ་རྒྱབ་སྐྱོར་བྱེད་པ་དང་། ཧྥ་རན་སིའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་འཐབ་ཇུས་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད། མིག་སྔའི་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་གླིང་གིས་ཕྱོགས་གཉིས་དང་འཛམ་གླིང་ལ་ཕན་པའི་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་གླིང་བར་དུ་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བརྩིས་ནས། མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
མཱ་ཁི་ལུང་གིས་ཧན་ཀྲིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ལ་ཞུགས་པར་བཀའ་དྲིན་ཞུས་ཤིང་། ཧན་ཀྲིན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུས་པ་དང་། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་ཡུན་རིང་གི་བློ་གཏད་ཆོག་པའི་མཉམ་ལས་གྲོགས་པོར་བརྩིས་ནས། མིག་སྔའི་གནས་བབ་འོག་ཏུ་ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་མཐོ་རིམ་འགྲོ་འོང་ཇེ་དམ་དང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ། ལག་གདང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། འགྱུར་ལྡོག་ཆེ་བའི་འཛམ་གླིང་གི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་ཆེན་པོ་གཉིས་བྱས་ནས། འཛམ་གླིང་ལ་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་སྣོན་འདོད་ཡོད་ཅེས་བསྟན།
ཀུའུ་ཐི་ལེ་སི་ལ་ཐུག་འཕྲད་བྱེད་སྐབས། ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་རྒྱུན་འཁྱོངས་དང་དེར་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་བྱེད་ནུས་གཙོ་བོ་འདོན་པར་རྒྱབ་སྐྱོར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བ་གོ་སྐབས་སུ་བརྩིས་ནས། མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ཐད་བྱས་རྗེས་གསར་པ་འཇོག་འདོད་ཡོད་ཅེས་གསུངས།
ཀུའུ་ཐི་ལེ་སི་ཡིས་ཀྲུང་གོས་དུས་ཡུན་རིང་བོར་བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་བརྟེན་ས་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད2758པ་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་ཅིང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་སྔར་ལས་ཁ་གཏད་འཇལ་འདོད་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།