ཏེན་ཞུའེ་ཞང་གིས་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་གཉིས་པར་ཞུགས་སུ་ཡོང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པར་མཇལ་འཕྲད་གནང་།
2025.06.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས10ཉིན་གྱི་ཕྱི་དྲོར་སི་ཁྲོན་ཁྲིན་ཏུའུ་རུ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ལཱ་མ་ཐའོ་ཧྥུའོ་དང་དབྱི་ལང་གི་ཙུང་ཐུང་གཞོན་པ་ཨ་ཧྥུའུ་ཞིན་བཅས་སོ་སོར་མཇལ་འཕྲད་གནང་།

ཟླ6པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས10ཉིན་གྱི་ཕྱི་དྲོར་སི་ཁྲོན་ཁྲིན་ཏུའུ་རུ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ལཱ་མ་ཐའོ་ཧྥུའོ་དང་དབྱི་ལང་གི་ཙུང་ཐུང་གཞོན་པ་ཨ་ཧྥུའུ་ཞིན་བཅས་སོ་སོར་མཇལ་འཕྲད་གནང་། འདི་ནི་ཏེན་ཞུའེ་ཞང་གིས་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ལཱ་ཀུའུ་ཧྲི་ལ་མཇལ་འཕྲད་གནང་སྐབས།  ཏེན་ཞུའེ་ཞང་གིས་བསྟན་དོན།  ཀྲུང་གོ་དང་སེར་ཝེ་ཡའི་བར་གྱི་མཛའ་བརྩེ་ནི་རི་ཆུ་ལས་བརྒལ་ཞིང་། ལོ་རྒྱུས་ཡུན་རིང་ལྡན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཝུའུ་ཆའེ་ཆི་དང་ཐུག་འཕྲད་ཐེངས་མང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་སྟོན་མཛད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱས་ཏེ། ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་ཁེ་ཕན་གཙོ་བོ་ལ་རྒྱབ་སྐྱོར་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་མཉམ་ལས་ཟབ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕར་སྣེ་གསར་པ་ཞིག་ཏུ་བསྐྲུན་ནས། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་སྔར་ལས་མང་པོ་ལེན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ལཱ་ཀུའུ་ཧྲི་ཡིས་བསྟན་དོན། སེར་ཝེ་ཡ་ཡིས་སེར་ཝེ་ཡ་དང་ཀྲུང་གོའི་བར་གྱི་འགྱུར་མེད་ཀྱི་མཛའ་བརྩེ་ལ་མཐོང་ཆེན་བྱས་ནས། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། དངུལ་གཏོང་།  ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ།  སེར་ཝེ་ཡ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད།


ཟླ6པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས10ཉིན་གྱི་ཕྱི་དྲོར་སི་ཁྲོན་ཁྲིན་ཏུའུ་རུ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ལཱ་མ་ཐའོ་ཧྥུའོ་དང་དབྱི་ལང་གི་ཙུང་ཐུང་གཞོན་པ་ཨ་ཧྥུའུ་ཞིན་བཅས་སོ་སོར་མཇལ་འཕྲད་གནང་། འདི་ནི་ཏེན་ཞུའེ་ཞང་གིས་ཝུའུ་ཁི་པེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ལཱ་མ་ཐའོ་ཧྥུའོ་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ལཱ་མ་ཐའོ་ཧྥུའོ་ལ་མཇལ་འཕྲད་གནང་སྐབས། ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མིས་ཨར་ཅི་ཡེ་ཡུའེ་ཧྥུའུ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱེད་པ་གཅིག་མཐུན་སྒོས་ཐག་བཅད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་དུས་རིམ་གསར་པར་བསླེབས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་མཐུན་སྔར་བས་སྲ་བརྟན་དུ་བཏང་སྟེ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཕན་ཚུན་སྦྲེལ་མཐུད་དང་། དཔལ་འབྱོར་ཉོ་ཚོང་། ཚན་རྩལ་གསར་གཏོད་སོགས་ཀྱི་མཉམ་ལས་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད།

ལཱ་མ་ཐུའོ་ཧྥུ་ཡིས་བསྟན་དོན།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་མཛུབ་ཁྲིད་དུ་བྱས་ཏེ། ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོ་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས།  རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་མདུན་ཕྱོགས་སུ་འཕེལ་རྒྱས་བར་སྐུལ་འདེད་གཏོང་འདོད་ཡོད།

ཟླ6པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས10ཉིན་གྱི་ཕྱི་དྲོར་སི་ཁྲོན་ཁྲིན་ཏུའུ་རུ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ལཱ་མ་ཐའོ་ཧྥུའོ་དང་དབྱི་ལང་གི་ཙུང་ཐུང་གཞོན་པ་ཨ་ཧྥུའུ་ཞིན་བཅས་སོ་སོར་མཇལ་འཕྲད་གནང་། འདི་ནི་ཏེན་ཞུའེ་ཞང་གིས་དབྱི་ལང་གི་ཙུང་ཐུང་གཞོན་པ་ཨ་ཧྥུའུ་ཞིན་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཨ་ཧྥུའུ་ཞིན་ལ་མཇལ་འཕྲད་གནང་སྐབས། ཏེན་ཞུའེ་ཞང་གིས་བསྟན་དོན། དབྱི་ལང་ནི་ས་ཁུལ་གལ་ཆེན་དང་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོ་དང་དབྱི་ལང་ནི་གྲོགས་པོ་བཟང་པོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ནས། ཀྲུང་གོ་དང་དབྱི་ལང་གི་ཕྱོགས་ཡོངས་མཉམ་ལས་འཆར་གཞི་དོན་འཁྱོལ་ལེགས་པོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་ལག་རྡང་སྦྲེལ་ནས་སྐུལ་འདེད་གཏོང་བ། ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་ཏེ། ཀྲུང་གོ་དང་དབྱི་ལང་གི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་དངོས་ཐོབ་ཏུ་འཇུག་འདོད་ཡོད།

ཨ་ཧྥུའུ་ཞིན་གྱིས་བསྟན་དོན།  དབྱི་ལང་དང་ཀྲུང་གོའི་མཛའ་བརྩེ་ཡུན་རིང་བརྟན་པོ་ཡིན་ཞིང་། དབྱི་ལང་ཕྱོགས་ཀྱིས་དབྱི་ལང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་དམངས་སེམས་གཅིག་མཐུན་ལ་ཡར་སྐུལ་བྱེད་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་འཆར་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་འཕེལ་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།