ཟླ6པའི་ཚེས10ཉིན་གྱི་ཕྱི་དྲོར། ཞིང་ཆེན་དང་གྲོང་ཁྱེར་། རྫོང་དང་གྲོང་གསེབ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀོས་ཀྲོའུ་དང་། ཡུན་ནན། ཧི་ནན་བཅས་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ཤིང་། ཀྲུང་དབྱང་ངོས་ཐད་ཀྱི་བྱ་བའི་ཆེད་ཚན་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ལ། ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་གྲོང་གསེབ་བཅས་ནས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཉན་ནས། སློབ་སྦྱོང་སློབ་གསོའི་ཆབ་སྲིད་འགན་འཁྲི་སྔར་ལས་ནན་སྡོམ་ནན་དཀྲི་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ཐད་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་སྐུལ་འདེད་བཏང་།
ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལི་ཅིན་པེན་གྱིས་གཏམ་བཤད། ཚན་གཙོ་གཞོན་པ་ཡུས་ཝེ་ཕིན་དང་ཁོངས་མི་རྣམས་ཀྱིས་ཚོགས་ཐོག་ཏུ་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཆོ་ཡཱ་ཆུན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་ཧི་ཚན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ཅིན་ཧྲིན་ཧྲིག རྨ་ཆེན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་ཝིན་ཡོན། མེན་ཧི་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲི་ཐེ། ཐུན་རིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཧི་ཅེ། མདོ་ལ་རྫོང་རྫ་དམར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡོན་ཡེ་ཧྥེ། ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོའི་མཐུན་སྒྲིལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྡོ་རྗེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མགྲོན་ལུང་མདའ་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་ལྷ་མོ་སོགས་བློ་མཐུན་བཅུས་རང་སོ་སོའི་ལས་གནས་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། སློབ་བཤེར་བསྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ།
ལི་ཅིན་པིན་གྱིས་མཚོ་སྔོན་གྱིས་སློབ་སྦྱོང་སློབ་གསོ་སྤེལ་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་བརྗོད་དོན་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱ་རྒྱུ་དེ་སློབ་སྦྱོང་སློབ་གསོའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས། སློབ་སྦྱོང་གི་ཁ་གཏད་རང་བཞིན་དང་དངོས་འབྲས་རང་བཞིན་ཇེ་མཐོར་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་གནད་དོན་འཚོལ་ཞིབ་བྱེད་པ་དང་། གནད་དོན་འཚོལ་ཞིབ་བྱས་པར་ཡང་བསྐྱར་བརྟག་དཔྱད་བྱས་ནས། གནད་དོན་འཚོལ་ཞིབ་དང་དག་ཐེར་བྱས་པ་ཕྱོགས་ཡོངས་ལ་ཁེབས་པ་དང་། གཏིང་ཟབ་ཏུ་སྤེལ་ཞིང་གནད་དུ་འཁེལ་ལ་དངོས་གཉེར་ཡིན་པར་འབད་བརྩོན་བྱེད་དགོས། གཟབ་ནན་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་གཅིག་བསྡུས་བཅོས་སྐྱོང་དམ་འཛིན་གང་ལེགས་བྱེད་པ་དང་། མི་བསྐྱུར་བ་བཞི་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རིགས་བགར་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གནད་དོན་འབུར་ཐོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་། རིགས་བགར་མཛུབ་སྟོན་རྒྱུན་འཁྱོངས་བྱེད་དགོས་ལ། ཡུལ་བབ་དང་བསྟུན་པ་དང་། ཕྱོགས་ཡོངས་ལ་ཁེབས་པ། སྤུས་ཚད་ལ་ཁག་ཐེག་ཡོད་པ། ཅི་སྒྲུབ་ལས་ལ་ཕན་འབྲས་ལྡན་པར་བྱས་ཏེ་སྤྱོད་ཚུལ་ལེགས་པོར་བརྟེན་ནས་མཚོ་སྔོན་གྱི་ལས་དོན་ཁག་སོ་སོས་སྔར་ལས་བཟང་བའི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་དེར་གོ་བ་ཟབ་མོ་བླངས་ཏེ། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བླང་བྱ་དམ་འཛིན་དངོས་སྒྲུབ་བྱེད་པ་དང་། ཏང་ཨུ་དང་ཏང་ཙུའུ་ཡིས་ངེས་པར་དུ་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མགོ་ཁྲིད་གཙོ་བོས་ངེས་པར་དུ་འགན་འཁྲི་ཁུར་མཁན་དང་པོའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཤིང་། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་དུ་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ་ཁུར་ལེན་བྱེད་པ་དང་། བྱ་བའི་ཆེད་ཚན་གྱིས་ངེས་པར་དུ་ཞིབ་ཕྲའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ལ། ཞིང་ཆེན་ནང་ཁུལ་གྱི་ལྟ་སྐུལ་ཚན་ཆུང་གིས་ངེས་པར་དུ་ལྟ་སྐུལ་མཛུབ་སྟོན་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆེད་འགན་ལྟ་སྐུལ་བྱེད་ནུས་དངོས་སུ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། དུས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་བཅངས་ནས། བྱ་བའི་བྱེད་ཐབས་ནུས་ལྡན་གཟབ་ནན་དུ་གཏོང་བ་དང་། འགན་འཁྲི་མཉམ་འབྲེལ་གཅིག་འབྲེལ་དང་གནོན་ཤུགས་བརྒྱུད་སྤྲོད་གེགས་མེད་ཡིན་པ། བྱ་བ་མཉམ་འཛིན་མཉམ་སྡོམ་བཅས་ཀྱི་མཉམ་ཤུགས་གྲུབ་པར་བྱས་ཏེ། སློབ་སྦྱོང་སློབ་གསོས་ངེས་དོན་གྱི་གྲུབ་འབྲས་ལོན་པར་ཁག་ཐེག་བྱེད་པ་དང་། སྤྱོད་ཚུལ་ལེགས་པོར་བརྟེན་ནས་མཚོ་སྔོན་གྱི་ལས་དོན་ཁག་སོ་སོས་སྔར་ལས་ལྷག་པའི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཆི་ཧྥན་དང་། ལིའུ་མེ་ཕིན། ཀྲའོ་ཡུའེ་ཞ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།