ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས11ཉིན་གྱི་སྔ་དྲོར་ཁྲིན་ཏུའུ་རུ་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་ནས། གྲོས་འགོ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་འཆར་གཞི་རྒྱུན་མཐུད་སྒོས་ལག་བསྟར་བྱས་པ་དང་། ཚན་རྩལ་གྱི་སྦྲེལ་ཟམ་བཙུགས་ལ། གསར་གཏོད་མཉམ་ལས་དྲ་རྒྱ་བཟོས་ནས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསུངས།
ཟླ6པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཁྲིན་ཏུའུ་རུ་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་ལག་རྩལ་དང་གྲངས་འཛིན། རིག་ནུས་བཅས་ཀྱི་ཐད་རྗེས་ལུས་ཆེན་པོ་ཡོད་པའི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བའི་འགྲན་སློང་ཆེན་པོར་དམིགས་ནས། མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་འགོ་ལག་བསྟར་གཏིང་ཟབ་བྱེད་པ། གསར་གཏོད་སྒུལ་ནུས་དང་། སྒོ་འབྱེད་དཀྱེལ་ཡངས། འདྲ་མཉམ་དྲང་གཞག ཐུན་མོང་དར་རྒྱས། ཀུན་ཕན་རྒྱུན་མཐུད་ཐུབ་པ་བཅས་ཀྱི་རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་གཏོད་གཅིག་མཐུན་ཚོགས་པ་འཛུགས་དགོས་པ་ནན་གྱིས་བསྟན། ཁོང་གིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་ཚན་རྩལ་གསར་གཏོད་དང་སྒོ་འབྱེད་མཉམ་ལས་ཐད་སྔར་ལས་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་གྱི་གོ་ལ་ཧྲིལ་བོའི་ཚན་རྩལ་མཉམ་ལས་ཀྱི་དཔེ་རྣམ་གསར་པ་མཉམ་དུ་འཚོལ་ཞིབ་བྱེད་པ་དང་། ལག་གདང་སྦྲེལ་ནས་ཚན་རྩལ་གྱི་དཀའ་གནད་གལ་ཆེན་ཐག་གཅོད་བྱེད་དགོས། གཉིས་ནས་ཚན་རྩལ་གྲུབ་འབྲས་ཀུན་ཕན་མཉམ་སྤྱོད་བྱེད་པར་སྔར་ལས་སྐུལ་འདེད་བཏང་སྟེ། ཚན་རིག་ལག་རྩལ་གྱི་སྤྱོད་འཐུས་རང་བཞིན་མཐོར་འདེགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱིས་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔར་ལས་ཕན་ཐོགས་ཐུབ་པར་བྱེད་དགོས། གསུམ་ནས་ཚན་རྩལ་དང་མི་གཞུང་བརྗེ་རེས་སྔར་ལས་རྒྱ་ཆེར་བཏང་སྟེ། གསར་གཏོད་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང། ཚན་རྩལ་དང་སློབ་གསོ་མཉམ་ལས་ཀྱི་མཛའ་མཐུན་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། བཞི་ནས་གོ་ལ་ཧྲིལ་བོའི་ཚན་རྩལ་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་བྱ་བ་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
དབྱི་ལང་གི་སྲིད་འཛིན་གཞོན་པ་ཨ་ཧྥུའུ་ཞིན་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ལཱ་མཱ་ཐའོ་ཧྥུའུ། སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ཀུའུ་ཧྲི་བཅས་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཆེད་མངགས་ལག་རྩལ་ཕོ་ཉ་ཅི་ཨར་གྱིས་བརྙན་རིས་ལམ་ནས་ཤིས་ཚིག་ཕུལ།
རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་མི་སྣ་དང་། ཁེ་ལས་ཀྱི་འགན་འཁུར་བ། སྲིད་གཞུང་གི་དཔོན་པོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་སོགས་མི་སྟོང་གཅིག་དང་ལྔ་བརྒྱ་ཙམ་འགོ་རྩོམ་མཛད་སྒོར་ཞུགས།