བློ་མཐུན་རག་སྡིས་ཀྱི་སྐུ་གདུང་པེ་ཅིང་དུ་སྦྱིན་སྲེག་བྱས།
2025.06.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

བློ་མཐུན་རག་སྡིས་ཀྱི་སྐུ་གདུང་པེ་ཅིང་དུ་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་།  ཚའེ་ཆི།  ཏེན་ཞུའེ་ཞང་།  ལིས་ཞི་སོགས་པཱ་པའོ་རི་བོའི་གསར་བརྗེའི་སྤྱིའི་བང་སོ་རུ་ཕེབས་ནས་ཞལ་གྱེས་ཞུས།

ཟླ6པའི་ཚེས12ཉིན། བློ་མཐུན་རག་སྡིས་ཀྱི་སྐུ་གདུང་པེ་ཅིང་པཱ་པའོ་རི་བོའི་གསར་བརྗེའི་སྤྱིའི་བང་སོར་སྦྱིན་སྲེག་བྱས།  ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་།  ཚའེ་ཆི།  ཏེན་ཞུའེ་ཞང་།  ལིས་ཞི་སོགས་པཱ་པའོ་རི་བོའི་གསར་བརྗེའི་སྤྱིའི་བང་སོ་རུ་ཕེབས་ནས་ཞལ་གྱེས་ཞུས། འདི་ནི་ཞི་ཅིན་ཕིང་གིས་རག་སྡིས་ཀྱི་གཉེན་ཉེར་ཕྱག་འཇུ་གནང་ནས་འཚམས་འདྲི་མཛད་པའི་རྣམ་པ་རེད།

ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། རང་རྒྱལ་གྱི་མི་རིགས་ལས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་གྱི་ཕུལ་བྱུང་འགོ་ཁྲིད། བོད་རིགས་མི་དམངས་ཀྱི་ཕུལ་བྱུང་བུ་ཕྲུག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་མཐུན་རག་སྡིས་ཀྱི་སྐུ་གདུང་ཚེས12ཉིན་པེ་ཅིང་པཱ་པའོ་རི་བོའི་གསར་བརྗེའི་སྤྱིའི་བང་སོར་སྦྱིན་སྲེག་བྱས།

བློ་མཐུན་རག་སྡིས་སྙུང་གཞི་ཕོག་ནས2025ལོའི་ཟླ6ཚེས6ཉིན་གྱི་ཆུ་ཚོད2དང་སྐར་མ15ཐོག་པེ་ཅིང་དུ་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ87རེད།

བློ་མཐུན་རག་སྡིས་སྙུང་གཞི་ཕོག་པའི་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན།  ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་ཕེབས་གནང་བ་དང་ཡང་ན་རྣམ་པ་མི་འདྲ་བ་བརྒྱུད་ནས་བློ་མཐུན་རག་སྡིས་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་ཞུས།

ཚེས12ཉིན་གྱི་སྔ་དྲོར། པཱ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱིའི་བང་སོའི་ཚོམས་ཁང་བརྗིད་ཉམས་ལྡན་ཞིང་མྱ་ངན་ཞུ་བའི་རོལ་དབྱངས་དམའ་མོར་གྲགས་བཞིན་ཡོད། ཚོམས་ཆེན་གྱི་དཀྱིལ་དུ་སྐྱོ་གདུང་ཆེན་པོས་བློ་མཐུན་རག་སྡིས་ལ་མྱ་ངན་ཞུ་ཞེས་པའི་འཕྲེད་བྱང་བཀལ་ཡོད་ལ། འཕྲེད་བྱང་གི་འོག་ཏུ་བློ་མཐུན་རག་སྡིས་ཀྱི་སྐུ་པར་བཤམས་ཡོད། བློ་མཐུན་རག་སྡིས་ཀྱི་སྐུ་གདུང་མེ་ཏོག་དང་ཤུག་པའི་དཀྱིལ་དུ་བདེ་བར་བཞུགས་ཡོད་ལ། ལུས་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།

སྔ་དྲོའི་ཆུ་ཚོད9དང་སྐར་མ30ཡོལ་ཙམ་ལ། ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་མྱ་ངན་ཞུ་བའི་རོལ་དབྱངས་ཁྲོད་བློ་མཐུན་རག་སྡིས་ཀྱི་སྐུ་གདུང་མདུན་དུ་ཕེབས་ནས་གུས་སྟབས་ཀྱིས་བཞེངས་ཏེ་ངག་བསྡམས་མྱ་ངན་ཞུས་པ་དང་། བློ་མཐུན་རག་སྡིས་ཀྱི་སྐུ་གདུང་ལ་གུས་འདུད་ཐེངས་གསུམ་ཞུས་རྗེས། བློ་མཐུན་རག་སྡིས་ཀྱི་གཉེན་ཉེ་རེ་རེར་ཕྱག་འཇུ་གནང་ནས་འཚམས་འདྲི་མཛད།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་རྣམས་ཞལ་གྱེས་ཞུས་རུ་ཕེབས་པའམ་རྣམ་པ་མི་འདྲ་བ་བརྒྱུད་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། བློ་མཐུན་རག་སྡིས་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་བཟང་པོ་དང་ཕ་ཡུལ་གྱི་འཐུས་མི་སོགས་ཀྱང་ཞལ་གྱེས་ཞུ་རུ་ཕེབས་ཡོད།