ཞི་ཅིན་ཕིང་གིས་རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་ལ་དོན་རྐྱེན་བྱུང་ནས་དབྱིན་ཇིའི་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བའི་ངོས་ནས་དབྱིན་ཇིའི་རྒྱལ་པོར་འཚམས་འདྲིའི་གློག་འཕྲིན་བཏང་།
2025.06.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

2025ལོའི་ཟླ6པའི་ཚེས13ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ལ་དོན་རྐྱེན་བྱུང་ནས་དབྱིན་ཇིའི་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བའི་ངོས་ནས་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པར་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་གར་གྱི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུར་དོན་རྐྱེན་བྱུང་ནས།  ཁྱེད་ཅག་རྒྱལ་ཁབ་ཀྱི་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་ཤེས་ཡོད།   བདག་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས།  རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུ་བ་དང་།  རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་ཕོག་པའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་མ་ཟད།  རྨས་མ་སྔ་མོ་ནས་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུས་པ་ཡིན།

ཉིན་དེར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།