ཟླ6པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་མཁའ་འགྲུལ་ཀུང་སིའི་དོན་རྐྱེན་ཁྲོད་མི་སྣ་མང་པོར་ཤི་རྨས་ཐེབས་པའི་ཐད་ནས་རྒྱ་གར་གྱི་སྲིད་འཛིན་མུའུ་ཨར་མུའུ་དང་ཙུང་ལི་མའོ་ཏེ་གཉིས་ལ་སོ་སོར་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་གར་གྱི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་ནས་མི་སྣ་མང་པོར་ཤི་རྨས་ཐེབས་པའི་གནས་ཚུལ་ཐོས་སོང་། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས་རྐྱེན་ལམ་དུ་ཤོར་བ་དག་ལ་མྱ་ངན་ཞུས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་དང་རྨས་མ་དག་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པར་མ་ཟད། རྨས་མ་སྔ་མོ་ནས་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུས་པ་ཡིན།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མའོ་ཏེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།