ཟླ6པའི་ཚེས13ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་། སློབ་སྦྱོང་སློབ་གསོ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་བ་དེས། མི་རིགས་ས་ཁུལ་དང་མི་རིགས་ཆོས་ལུགས་ལས་དོན་ལ་མཐོང་ཆེད་ཚད་མེད་གནང་བ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཆོས་ལུགས་ལས་དོན་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་བྱ་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་མྱུར་དུ་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཉེ་ལམ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་འབྲེལ་ཡོད་ཡིག་ཆ་དང་། གྲོས་ཚོགས། གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དེར་གོ་བ་ལེན་པ་སློབ་སྦྱོང་སློབ་གསོའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ཏེ། སློབ་སྦྱོང་གི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་མཐོ་རུ་གཏོང་བ་དང་། སྒྲིག་འགལ་ཟ་འཐུང་ཆེད་དོན་བཅོས་སྐྱོང་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བ། འཚོལ་ཞིབ་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱ་བ་དངོས་སྒྲུབ་ནན་འཛིན་བྱེད་པ་དང་། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ནུས་ཤུགས་གཅིག་བསྡུས་ཀྱིས་འབྲུ་རིགས་བདེ་འཇགས་གཞི་རྩ་ཇེ་བརྟན་དུ་བཏང་སྟེ། ཕྱིར་དབུལ་བོར་མི་འགྱུར་བར་བྱེད་པའི་མཐའ་ཚད་བསྟུད་མར་བརྟན་སྲུང་བྱེད་དགོས་ལ། ལས་ཞུགས་ལས་གནས་བརྟན་གཏོང་བྱ་བ་དམ་འཛིན་གང་ལེགས་བྱེད་པ། རོགས་སྐྱོར་ཐོན་ལས་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ། ལས་གཞིའི་མ་དངུལ་གྱི་རྒྱུ་ནོར་དོ་དམ་བྱ་བ་ཤུགས་དྲག་ཏུ་གཏོང་བ། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བཏང་ནས་མཐོ་སྒང་གི་འཆམ་མཛེས་ཞིང་སྡེ་བསྐྲུན་པ། རོགས་སྐྱོར་གཞོགས་འདེགས་ཀྱི་སྤུས་འབྲས་ཇེ་མཐོར་གཏོང་བ་དང་འགན་འཁྲིའི་ཕྲེང་ཐག་ཇེ་དམ་ཇེ་ནན་དུ་བཏང་ནས། རང་ཞིང་གི་གྲོང་གསེབ་དར་སྤེལ་བྱ་བས་ཐོལ་བརྒལ་གསར་པ་ལོན་པར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་སྲིད་དོན་གཞི་གྲངས་མཉམ་སྤྱོད་སྲོལ་ཡིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་དང་ཕན་འབྲས་མཐོན་པོས་དོན་དག་གཅིག་ལེགས་འགྲུབ་བྱེད་པའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་ཞིང་། གཞི་གྲངས་རྨང་གཞི་མྱུར་དུ་གཅིག་སྡུད་བྱས་ཏེ། སྟེགས་བུའི་འདེགས་སྐྱོར་ཤུགས་དྲག་ཏུ་གཏོང་བ་དང་། ཚད་གཞིའི་སྒྲིག་སྲོལ་མ་ལག་གི་འགན་སྲུང་བརྟན་པོར་གཏོང་བ། བདེ་འཇགས་ཚད་མཐའ་ནན་མོར་སྲུང་བ་དང་བཀོལ་སྤྱོད་དངོས་འབྲས་ལ་དོ་སྣང་བྱས་ནས། འཛུགས་སྐྲུན་གྲུབ་འབྲས་དེ་ཞིང་ཆེན་ཡོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་དྲག་པོར་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ནུས་ཁུངས་འཕེལ་རྒྱས་འཆར་གཞི་དང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གནས་ཚུལ་མཐོར་འདེགས་ལོ་གསུམ་མཁྲེགས་གཏོར་འགུལ་སྐྱོད་ཀྱི་ཇུས་གཞིར་གྲོས་ཞིབ་བྱས་ཤིང་རྩ་དོན་སྟེང་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།