ཟླ6པའི་ཚེས13ཉིན། གསར་དུ་འགན་ཁུར་བའི་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པའི་སྲིད་གཙང་གླེང་མོལ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་སྲིད་གཙང་གླེང་མོལ་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དངོས་གཉེར་དང་འགན་ཁུར་ཕོད་པ། སྲིད་གཙང་གཞུང་དྲང་གི་ལས་བྱེད་པ་བཟང་བོའི་ཚད་གཞི་ལག་བསྟར་བྱས་ནས། ཚད་གཞི་མཐོན་པོ་དང་རེ་བ་ནན་མོས་འགན་སྒྲུབ་ཁག་ཁུར་བྱེད་དགོས།
ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་དང་པོའི་ཁོངས་མི་ཝང་ཧུང་ཅེ་གླེང་མོལ་ལ་ཞུགས་ནས་མཛུབ་སྟོན་བྱས། ལིའུ་མེ་ཕེན་གྱིས་འགོ་འཛིན་བྱས་པ་དང་། ཀྲའོ་ཡུའེ་ཞ་གླེང་མོལ་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་གཙང་གླེང་མོལ་བྱེད་རྒྱུ་ནི་ལས་བྱེད་པའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཡིན་ལ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཡང་ཡིན་པས། གསར་དུ་འགན་ཁུར་བའི་ཞིང་ཆེན་ཀྱི་འགོ་ཁྲིད་ལས་བྱེད་པས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྷག་བསམ་ཇེ་བརྟན་དུ་བཏང་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཐོག་མའི་བསམ་འདུན་སེམས་ལ་བརྟན་པོར་འཛིན་པ། མི་དམངས་ཀྱི་ལངས་ཕྱོགས་སུ་ནམ་ཡང་བརྟན་པོར་འགྲེང་བ། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་བཏང་སྟེ། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། སྲིད་བརྩོན་དངོས་གཉེར་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྲིད་འབྲས་ཀྱི་ལྟ་བ་ཡང་དག་ཇེ་བརྟན་དུ་གཏོང་བ། བློ་སེམས་རྩེ་གཅིག་གི་ལས་སྒྲུབ་ལས་སྐྲུན་བྱས་ནས། ཁྲིམས་སྲོལ་ལྟར་ཚན་རིག་དང་མཐུན་པའི་ཇུས་ཆོད་འགོད་དགོས། ཁག་ཁུར་བྱེད་ཕོད་པ་དང་། སྤྱོད་ཚུལ་བཟང་བོ་གྲུབ་པར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་གནས་བཞི། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་སོགས་གནད་འགག་གི་ལས་འགན་ལ་དམིགས་ནས། ཁག་ཁུར་ལས་སྒྲུབ་བྱེད་པ་ལས། དཔོན་གནས་ཁུར་རྗེས་སྐྱིད་རྒྱག་པ་ཁོ་ན་བྱེད་མི་རུང་། སྲིད་གཙང་གཞུང་དྲང་བྱེད་པ་དང་། ཀུན་སྤྱོད་བཟང་བོ་གསོ་སྐྱོང་བྱེད་པ། དཔོན་ཁུར་སྲིད་ཞུགས་ཀྱི་ཁེ་ཕན་གྱི་རྩིས་ཐོ་དང་སྒྲིག་ཁྲིམས་ཀྱི་རྩིས་ཐོ། གཞུང་དྲང་གི་རྩིས་ཐོ་རྩིས་རྒྱག་ཡག་པོར་བྱེད་པ། ཁྱིམ་སྲོལ་བཟང་བོ་མཉམ་སྐྱོང་བྱེད་པ། སྲིད་གཙང་གི་འགོག་ར་བརྟན་པོ་འཛུགས་པ། ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་བྱ་བ་བཟང་བོར་བསྒྲུབ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་དང་གསར་བ་འཇོག་དགོས།
ལིའུ་མེ་ཕེན་གྱིས་བསྟན་དོན། གསར་དུ་འགན་ཁུར་བའི་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པས་ལས་རྐང་གསར་པའི་སྟེང་འགོ་བཟང་བོ་རྩོམ་པ་དང་གོམ་སྟབས་བརྟན་པོ་བསྒྱུར་བ་དང་། ཆབ་སྲིད་ཀྱི་འགག་སྒོ་བརྟན་སྲུང་བྱེད་པ། དུས་ནམ་ཡང་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་རྒྱུ་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྟན་སྲུང་བྱེད་པ། རང་རྟོགས་སྒོས་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་པ། དམིགས་བསལ་སྨྲ་བ་དང་ཁ་གསབ་ཀྱི་སེམས་པ་མཐའ་གཅིག་ཏུ་མེད་པར་བྱས་ནས། ཆབ་སྲིད་སྟེང་གི་མི་བསམ་ཤེས་བྱེད་དགོས། དབང་ཆའི་འགག་སྒོ་བརྟན་སྲུང་བྱེད་པ་དང་། གཞུང་དང་སྒེར། བདེན་སེམས་དང་ཁེ་ཕན། བབ་ཆགས་དང་རྒྱས་སྤྲོས། དཀའ་སྡུག་དང་སྤྲོ་སྐྱིད་བཅས་ཀྱི་འབྲེལ་བར་ཐག་གཅོད་ཡང་དག་བྱེད་པ། སྲིད་་འབྲས་ཀྱི་ལྟ་བ་དང་དབང་ཆའི་ལྟ་བ། ལས་དོན་གྱི་ལྟ་བ་ཡང་དག་བཙུགས་ནས། མི་དམངས་ཀྱིས་བསྩལ་བའི་དབང་ཆས་མི་དམངས་ལ་དངོས་གནས་བདེ་སྐྱིད་བསྐྲུན་དུ་འཇུག་དགོས། བརྩེ་སེམས་ཀྱི་འགག་སྒོ་བརྟན་སྲུང་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་བྱམས་སྐྱོང་བྱེད་པ་ལས་གཅེས་དྲགས་མི་བྱེད་པ་དང་ལེགས་སྐྱོང་བྱེད་པ་ལས་རྒྱ་ཡན་དུ་མི་གཏོང་བ། ཁྱིམ་མི་དང་བུ་ཕྲུག་གིས་གནས་ལུགས་རྟོགས་པར་བྱེད་པ་དང་སྒྲིག་ལམ་བརྩི་སྲུང་བྱེད་པ། སྲིད་གཙང་གཞུང་དྲང་གི་ཁྱིམ་ཚང་གི་མེ་འགོག་རྩིག་གྱང་བརྟན་པོ་བཙུགས་ཏེ། ནུས་པ་མངོན་པར་གསལ་བའི་བྱ་བའི་གྲུབ་འབྲས་ཀྱིས་ཏང་དང་མི་དམངས་ཀྱི་ཡིད་རྟོན་དང་མངག་བཅོལ་ལ་དྲིན་ལན་འཇལ་དགོས།
ཚོགས་འདུའི་སྔོན་དུ། གསར་དུ་འགན་ཁུར་བའི་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པ་དང་བཟའ་ཟླས་ཞིང་ཆེན་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་གཏོང་བའི་ཉེན་བརྡའི་སློབ་གསོའི་རྟེན་གཞི་རུ་ཉེན་བརྡའི་སློབ་གསོ་དང་ལེན་བྱས་པར་མ་ཟད། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་པ་དང་། འགྱོད་བཤགས་ཀྱི་ཡིག་ཆ་ཕྱོགས་བསྒྲིགས་ཀློག་འདོན་བྱས་ལ། སྲིད་གཙང་གིས་སྲིད་ཞུགས་བྱེད་པའི་དམ་བཅའ་ཡི་གེ་བྲིས།
རིན་ཆེན་མཚོས་བསྒྱུར།