མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2025.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས13ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཞེ་དྲུག་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཀྲུང་དབྱང་རིམ་པ་དང་ཞིང་ཆེན་ཏང་ཨུའི་ཁྲིམས་འགལ་ཟ་འཐུང་ལ་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་སྐོར་གྱི་བརྡ་སྦྱོར་གྱི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་སོགས་ཀྱི་རེ་བར་དམིགས་པ་དང་། དམངས་ཆེན་གྱི་བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས། ལག་བསྟར་དོན་འཁྱོལ་དམ་འཛིན་བཟང་བོ་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་གཙིགས་འཛིན་བྱས་ཏེ། དམངས་ཆེན་བྱ་བའི་རྐང་འཛུགས་ས་དང་ཤུགས་འདོན་ས་ཡང་དག་འཚོལ་བ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་ནུས་མཐོ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་གཏན་ཕབ་གཉིས་སྲུང་སྐྱོང་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཁྲིམས་འགལ་ཟ་འཐུང་གནད་དོན་གྱི་གནོད་འཚེ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པར་སྣེ་ཁྲིད་བྱེད་དགོས། དཔེ་གཞིར་མེ་ལོང་དུ་འཛིན་པ་དང་དཔེ་གཞིར་བརྟེན་ནས་སྒྲིག་ལམ་ཇེ་བརྟན་དུ་གཏོང་བ། རིམ་པ་བཞིན་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་མཐོ་གནོན་རྣམ་པ་བརྒྱུད་སྒྲོག་བྱས་ནས། འཇིགས་སྣང་དང་དོགས་ཟོན་གྱི་སེམས་པ་ཡོད་པ་དང་ཚད་མཐའ་བརྟན་སྲུང་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་གྲུབ་པར་བྱེད་དགོས། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ཚད་གཞིར་འཛིན་པ་དང་། ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་བཟང་བོས་གཅིག་བསྡུས་བཅོས་སྐྱོང་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱིས་བསྲི་ཚགས་ནན་ཏན་བྱེད་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོའི་ཁྲོད་འཇོག་པའི་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱེད་པར་ཤུགས་སྣོན་པ། དྲིལ་སྒྲོག་ལག་བསྟར་དམ་འཛིན་བྱས་ནས། བསྲི་ཚགས་རང་བཞིན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་་ཙུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཙུའུ་ཡི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མེད་པར་བཟོ་བ་དང་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་སོགས་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན།

རིན་ཆེན་མཚོས་བསྒྱུར།