ཟླ6པའི་ཚེས13ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཞེ་བརྒྱད་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ་དང་། ལིའུ་ཐུང་ཏི། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་གྲོས་གཞི་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་ཀྱི་སྙན་ཞུ་སྐོར་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་སྲོལ་ཡིག་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་འབེབས་རེ་འགའི་འཆར་ཟིན་སྤྱི་འདོམས་བྱ་བའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག་བཟོ་བཅོས་གཏན་འབེབས་དང་། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག་བཟོ་བཅོས་གཏན་འབེབས་བཅས་ཀྱི་གྲ་སྒྲིག་གནས་ཚུལ་སྐོར་སྙན་ཞུ་བྱས་པར་ཉན་པར་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གྲོས་གཞིའི་ཁྲོད་འཇོག་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་ཟི་ལིང་གྲོང་ཁྱེར་གྱི་གླ་གཏོང་རླངས་འཁོར་འགྲུལ་སྐྱེལ་དོ་དམ་སྲོལ་ཡིག་བཟོ་བཅོས་གཏན་འབེབས་དང་། མཚོ་ཤར་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་སྲོལ་ཡིག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྤེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་སྲོལ་ཡིག་བཟོ་བཅོས་གཏན་འབེབས། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་སྡེ་ཁུལ་དོ་དམ་སྲོལ་ཡིག ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སྐུལ་འདེད་སྲོལ་ཡིགས་བཅས་ཀྱི་གྲ་སྒྲིག་གནས་ཚུལ་སྐོར་སྙན་ཞུ་བྱས་པར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྙན་ཞུ་དང་། 2025ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྙན་ཞུ། 2024ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་སྙན་ཞུ། 2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་པའི་རྩིས་བཤེར་བྱ་བའི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན་ཞིང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས2025ལོའི་ས་གནས་སྲིད་གཞུང་གི་དངུལ་བུན་འགྲེམ་སྤེལ་བྱེད་པར་གྲོས་ཞིབ་དང་གཏོང་ཡོང་སྔོན་རྩིས་འོས་འཚམ་ལེགས་སྒྲིག་བྱས་པའི་སྙན་ཞུར་ཉན་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་དམིགས་ཏེ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་གཙོ་གཞིའི་གོ་གནས་ཤུགས་དྲག་ཏུ་གཏོང་བའི་བྱ་བའི་གནས་ཚུལ་གྱི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གཙང་དཔོན་དང་ཆུ་དཔོན་ལམ་ལུགས་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན། མི་དོན་བསྐོ་འཐེན་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཁྲོད་འཇོག་པ་དང་། ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག་འཆར་ཟིན་གྲོས་ཞིབ་ལེགས་སྒྲིག་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ལས་གྲོས་ཞིབ་དུས་ཚོད་ལེགས་སྒྲིག་བྱེད་རྒྱུར་འཐད་པ་བྱུང་བ་དང་། ཞིང་ཆེན་སྲིད་གཞུང་གིས་གྲོས་གཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་སྤྲད་རྗེས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡང་བསྐྱར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ལེགས་འགྲུབ་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བསམ་ཚུལ་བཏོན་པའི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་སྙན་ཞུར་འཐད་པ་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།