གཙོ་གནད་གཉིས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཁག་ཅིག་ལ་འཕེལ་རྒྱས་ཆེན་པོ་བྱུང་།
2025.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོར། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་པར་དམིགས་ནས།  “གཙོ་གནད་གཉིས”ཀྱི་འཛུགས་སྐྲུན་ཐད་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ།   དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ།

ད་ལོར།   རྒྱལ་ཁབ་ཀྱིས་སྒོར་ཁྲག་ཁྲིག་ལྔ་ཙམ་བཏང་ནས་གཙོ་གནད་གཉིས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། མིག་སྔར་གཙོ་གནད་གཉིས་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ལས་གཞི་ཁག་ཅིག་ཤུགས་ཆེན་པོས་སྤེལ་བཞིན་པའི་སྒང་ཡིན་ལ། འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཉམས་གསོའི་བྱ་བ་སྤེལ་ཚད་སྔར་ལས་ཆེ་རུ་བཏང་སྟེ།  གྲོང་ཁྱེར་གྱི་བཙོག་ཆུ་བཅོས་སྐྱོང་དང་ཉམས་གསོ། བཟོ་ལས་གླིང་ཁུལ་གྱི་བཙོག་ཆུའི་བཅོས་སྐྱོང་དང་གཙང་པོའི་འགྲམ་རྒྱུད་ཀྱི་སྤྱི་ལེ་གཅིག་མཚམས་ཀྱི་ཕྱིར་བླངས་པའི་ས་ཞིང་བཅོས་སྐྱོང་བྱེད་པ་སོགས་གཙོ་གནད་གཉིས་འཛུགས་སྐྲུན་གྱི་ལས་གཞི་གཙོ་བོར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་།     ཡུན་ནན་ཁུན་མེན་དུ་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་མང་པོ་ཕྱོགས་ཡོངས་ནས་ལས་འགོ་བརྩམས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་བཅོས་སྐྱོང་གི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང།

གཙོ་གནད་གཉིས་འཛུགས་སྐྲུན་གྱི་རྒྱབ་སྐྱོར་འོག      འཐབ་ཇུས་ཀྱི་ལྕགས་ལམ་གཙོ་བོ་དང་གྲུ་ཁ་སྐོར་ཞིག་འཛུགས་སྐྲུན་བྱེད་པར་བརྟན་བརླིང་ངང་སྐུལ་འདེད་བཏང་བ་མ་ཟད།   འགག་སྒྲོལ་སྟབས་བདེ་ཅན་དང་ཟོང་འགྲུལ་གྱི་མ་རྩ་ཇེ་དམའ་དང་ཕན་འབྲས་ཆེ་རུ་གཏོང་བ།   སྐམ་ལམ་སྟེང་སྐྱེལ་འདྲེན་བྱེད་པའི་གྲུ་ཁའི་ཁྲལ་སློག་པ་སོགས་ཀྱི“མཉེན་པོའི་འཛུགས་སྐྲུན”གྱི་བྱེད་ཐབས་ཆ་ཚང་བའི་སྒོ་ནས་ཕྱིར་བཏོན།   མིག་སྔར།  ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་དེ་ཧོང་པའེ་ལྕགས་ལམ་ཀོང་ཞི་ལམ་མཚམས་ཀྱི་གསར་སྐྲུན་ཕུག་ལམ་སོ་གསུམ་ཁྲོད་ཀྱི་ཕུག་ལམ29ལེགས་འགྲུབ་བྱུང་ནས་ཨར་ལས་བྱེད་བཞིན་ཡོད།

གོ་རིམ་རྗེས་མར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་“གཙོ་གནད་གཉིས་”ཀྱི་ལས་གཞིའི་ འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན། ཁྱོན་ཡོངས་རང་བཞིན་་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་།  “རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་གཏོང་”དང་“མཉེན་པོའི་འཛུགས་སྐྲུན་”ལ་གཅིག་འདོམས་བྱེད་རྒྱུ་རེད།  ཟླ6པའི་ཟླ་མཇུག་གི་སྔོན་དུ།  ད་ལོའི“གཙོ་གནད་གཉིས”ཀྱི་འཛུགས་སྐྲུན་ལས་གཞིའི་གསལ་ཕྲ་ཚང་མ་རྩིས་སྤྲོད་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།