ཟླ6པའི་ཚེས15ཉིན། མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅུ་བདུན་པ་ཞ་མིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། ང་ཚོའི་ཤ་ཁྲག་ལྟ་བུའི་འབྲེལ་བ་སུས་ཀྱང་གཅོད་མི་ཐུབ་ལ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སུས་ཀྱང་འགོག་མི་ཐུབ་ཅེས་ནན་སྟོན་མཛད། མི་རིགས་དར་རྒྱས་དང་། རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ན། འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་སྔར་བས་ཇེ་ལེགས་སུ་འགྲོ་ངེས་པ་དང་། ང་ཚོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ། བློ་རྩ་བརྟན་པོས་ཀྲུང་ཧྭ་རིག་གནས་ཀྱི་སྲུང་སྐྱོང་པ་དང་། མི་རིགས་བསྐྱར་དར་གྱི་མཉམ་སྐྱོད་པ། འགྲམ་གཉིས་ཞི་བདེའི་སྲུང་སྐྱོབ་པ་བཅས་བྱས་ཏེ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་མཉམ་དུ་ཇུས་འགོད་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་མཉམ་དུ་གཏོད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་པ་དང་། རྒྱལ་གཅེས་རིང་ལུགས་དེ་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ཁྲོད་འདྲེས་ཡོད། ད་ལོ་ནི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན་ལ། ཐའེ་ཝན་སླར་གསོ་བྱས་ནས་ལོ80འཁོར་བའི་ལོ་ཡང་ཡིན། ཐའེ་ཝན་སླར་གསོ་ནི་ཀྲུང་ཧྭའི་བུ་དང་བུ་མོའི་མི་རིགས་ཀྱི་དྲན་ཤེས་དང་ཐུན་མོང་གི་གཟི་བརྗིད་ཡིན་པས། ལོ་རྒྱུས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་དང་། རྒྱལ་ཁའི་གྲུབ་འབྲས་ངེས་པར་དུ་སྲུང་སྐྱོང་བྱེད་དགོས།
མཚོ་འགག་འགྲམ་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ། ཐའེ་ཝན་རང་བཙན”གྱི་ཁ་བྲལ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ལེགས་པོ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་འགན་འཁྲི་བླ་ན་མེད་པ་དང་མདུན་ལམ་འོད་སྟོང་འབར་བའི་བྱ་གཞག་ཅིག་ཡིན་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཡུན་རིང་གི་འཕེལ་རྒྱས་ཐད་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་སྟངས་འཛིན་བྱེད་པ་དང་། ཐའེ་ཝན་སྤུན་ཟླའི་རྒྱབ་རྟེན་བརྟན་པོ་བྱས་ཏེ། ཐའེ་ཝན་སྤུན་ཟླ་དང་ལག་གདང་སྦྲེལ་ནས་བདེ་སྐྱིད་དོན་གཉེར་དང་མཛེས་སྡུག་ལྡན་པའི་མ་འོངས་བ་མཉམ་དུ་བསྐྲུན་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདུན་དང་བསྟུན་པ་དང་། ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླར་བརྩི་འཇོག་དང་གཅེས་སྐྱོང་བྱེད་པ་དང་། བདེ་སྐྱིད་བསྐྲུན་པ། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཐད་ཤུགས་བཏོན་ནས། ཐའེ་ཝན་སྤུན་ཟླའི་ཐོབ་ཚོར་དང་སྐྱིད་སྣང་། གཏོགས་སྣང་ཇེ་མཐོར་གཏོང་དགོས། འགྲམ་གཉིས་ཀྱི་ན་གཞོན་ཚོས་ཀྲུང་གོ་བའི་བློ་སྟོབས་དང་སྙིང་སྟོབས། གདེང་ཚོད་བཅས་ཆེ་རུ་བཏང་སྟེ། མཉམ་དུ་་ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཀྱི་མཚར་སྡུག་གསར་པ་མུ་མཐུད་དུ་བསྐྲུན་དགོས།
ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་མཱ་དབྱིན་ཅིག་གིས་ཤིས་ཚིག་ཕུལ་ནས་བསྟན་དོན། འགྲམ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་གོང་འཕེལ་གཏོང་རྒྱུ་ནི་འགྲམ་ངོགས་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་བ་ཡིན། འགྲམ་ངོགས་གཉིས་ཀྱི་ཀྲུང་གོ་བའི་རྒྱུད་པ་དང་འབྱུང་ཁུངས་གཅིག་གི་རང་བྱུང་བརྩེ་དུང་ལ་འགོག་ཐབས་མེད་ལ། འགྲམ་ངོགས་གཉིས་ཀྱི་དམངས་ཁྲོད་ཀྱི་སྤེལ་རེས་དང་འགྲོ་འོང་ལ་འགོག་ཐབས་མེད། “དགུ་གཉིས་ཐུན་མོང་ལྟ་བ་”རྒྱུན་འཁྱོངས་དང་“ཐའེ་ཝན་རང་བཙན་”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་། འགྲམ་ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུན་ཟླའི་བར་གྱི་ཕན་ཚུན་ཡིད་ཆེས་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ཏེ། མཉམ་དུ་ཀྲུང་ཧྭ་དར་རྒྱས་གཏོང་བའི་ཐད་ཤུགས་འདོན་དགོས། ཐའེ་ཝན་སྤུན་ཟླའི་འཐུས་མི་གཞན་དག་གིས་ཀྱང་གཏམ་བཤད།
ཚོགས་ཆེན་མ་འཚོག་གོང་ལ། ཝང་ཧུའུ་ཉིང་གིས་གླེང་སྟེགས་ལ་ཞུགས་པའི་ཐའེ་ཝན་གྱི་སྐུ་མགྲོན་འཐུས་མིར་མཇལ་འཕྲད་གནང་།
ཚེས14ཉིན་གྱི་ཕྱི་དྲོར། ཝང་ཧུའུ་ཉིང་གིས་ད་དུང་ཞ་མིན་ཐུང་ཨན་ཐའེ་ཝན་ཞིང་བའི་ལས་སྐྲུན་གླིང་དུ་རྟོག་ཞིབ་མཛད།