ཞི་ཅིན་ཕིང་ཨ་སི་ཐ་ནར་འབྱོར་ནས་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས།
2025.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས16ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨ་སི་ཐ་ནར་འབྱོར་ནས། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡི་གདན་ཞུ་ལྟར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས།

ས་དེའི་དུས་ཚོད་ཟླ6པའི་ཚེས16ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨ་སི་ཐ་ནར་འབྱོར་ནས། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡི་གདན་ཞུ་ལྟར་ཀྲུང་གོ་དང་ཡ་གླིང་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཧ་སག་སི་ཐན་མངའ་ཁོངས་ཀྱི་བར་སྣང་དུ་འབྱོར་རྗེས།  ཧ་སག་སི་ཐན་གྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་བྱས།

ཞི་ཅིན་ཕིང་ཨ་སི་ཐ་ན་ནཱ་ཀྲར་པ་ཡེ་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་ཡིས་ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏ་ཅེ་པའེ་དང་། ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་བའི་ནུའུ་འར་ཐི་ལེ་ཝུའུ། ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་ཁ་ཅི་ཧན། ཨ་སི་ཐ་ན་གྲོང་ཁྱེར་གྱི་འགོ་གཙོ་ཁ་སི་མུའུ་པེ་ཁི་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ལུས་ལ་གཟབ་མཆོར་སྤྲས་པའི་ཧ་སག་སི་ཐན་གྱི་བུད་མེད་གཞོན་ནུ་ཚོས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ། གུས་དམག་གིས་ས་གདན་སྔོན་པོའི་གཡས་གཡོན་དུ་གུས་འདུད་ཞུས། ཧ་སག་སི་ཐན་གྱི་ན་ཆུང་བྱིས་པས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལག་ཏུ་བཟུང་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་གི་རུ་སྟར་ལ་གཟིགས་པ་དང་། གྱེན་འཕུར་གནམ་གྲུས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཀལ་ནས་གནམ་གྲུ་ཐང་གི་བར་སྣང་ནས་འཕུར་སྐྱོད་བྱས།  གནམ་གྲུ་ཐང་གི་སྐུ་མགྲོན་ཐོག་ཁང་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཧ་སག་སི་ཐན་གྱི་ན་ཆུང་བྱིས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས།

ཚའེ་ཆི། ཝང་དབྱི་སོགས་གནམ་གྲུར་བསྡད་ནས་མཉམ་དུ་འབྱོར།

ཧ་སག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧན་ཁྲུན་ལིན་ཡང་གནམ་གྲུ་ཐང་དུ་ཕེབས་ནས་བསུ་མ་བྱས།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱིར་འགྲིམ་སློབ་མའི་འཐུས་ཚབ་གཞུང་ལམ་གྱི་གཡས་གཡོན་དུ་འཛོམས་ནས“ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས་པ་དང་། “ཀྲུང་ཧའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག ”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་བཟུང་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུས།