ཝང་ཧུའུ་ཉིང་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཆེད་དོན་སྐུལ་སྤེལ་ཚོགས་འདུར་ཞུགས།
2025.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་ཚེས15ཉིན་ཧྥུའུ་ཅན་ཞ་མིན་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ། དུས་རབས་གསར་པར་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་ཆེན་མོ་དོན་འཁྱོལ་ནན་མོ་བྱས་ནས། འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ས་ཁུལ་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱ་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན།  འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞིང་འགན་འཁྲི་ཧ་ཅང་ལྕི།  འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་ལ་དམིགས་ནས། ཧྥུའུ་ཅན་གྱིས་ཐའེ་ཝན་ལ་ཁྱད་འཕགས་དགེ་མཚན་དང་སྔོན་བསྟར་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་གྲུབ་པར་བྱེད་དགོས། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་གཙོ་གནད་དམ་འཛིན་བྱེད་པ་དང་། སྲིད་ཇུས་དང་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་བྱེད་པ། སྔར་ལས་མང་པོའི་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཀྱི་ཁེ་ལས་སྐམ་སར་ཡོང་ནས་འཕེལ་རྒྱས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཞུགས་པར་ནང་འགུག་བྱེད་དགོས། ཐའེ་ཝན་གྱི་སྤུན་ཟླར་བརྩི་བཀུར་དང་བྱམས་སྐྱོང་བྱེད་པ་དང་བདེ་སྐྱིད་བསྐྲུན་དགོས། འགྲམ་གཉིས་ཀྱི་མི་སྣའི་འགྲོ་འོང་རྒྱུན་ལྡན་ཅན་དང་སྤེལ་རེས་མཉམ་ལས་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།  ཐའེ་ཝན་གྱི་ན་གཞོན་སྐམ་ས་ཆེན་མོར་ཡོང་སྟེ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གེགས་མེད་བྱ་དགོས་པ་དང་། འགྲམ་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་དགོས།

ཀྲུང་དབྱང་ཐའེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཧྥུའུ་ཅན་ཞིང་ཆེན་གྱི་འགན་ཁུར་བློ་མཐུན་བཅས་ཀྱིས་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ངོ་སྤྲོད་བྱས།  སློབ་གསོ་པུའུ་དང་ནོར་སྲིད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་གནས་སྤོར་ཡུལ་མི་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།