ཟླ6པའི་ཚེས17ཉིན། རང་ཞིང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཐེངས་བརྒྱད་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མེ་ཕིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་བདུན་པའི་སྐོར་ཞིབ་གནས་ཚུལ་སྙན་ཞུར་ཉན་སྐབས་ཀྱི་གཏམ་བཤད་དང་། སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་ཚན་ཆུང་གི་མགོ་ཁྲིད་པ་དང་ཚན་གཙོ་གཞོན་པ་བཅས་ཀྱིས་མཉམ་དུ་གླེང་མོལ་བྱེད་སྐབས་ཀྱི་གཏམ་བཤད་ཀྱི་ནང་དོན་བརྒྱུད་བསྒྲགས་བྱས།
ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་དཔལ་འབྱོར་དང་སྲིད་ཁྲིམས། མི་རིགས་ཆོས་ལུགས་སོགས་བྱ་བའི་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ནན་མོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་ཆེན་པོ་འདོན་སྤེལ་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། “གཏིང་ཟབ་ཏུ་རྒྱུས་ལོན་བྱེད་པ་དྲུག”ལ་དམིགས་ཏེ་ཆབ་སྲིད་སྐོར་ཞིབ་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུས་ལོན་ གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་བྱེད་པར་བཀོད་སྒྲིག་དོན་འཁྱོལ་བྱེད་པར་རྒྱུས་ལོན་གཏིང་ཟབ་བྱེད་པ། ཉེན་ཁ་གཙོ་བོ་སྔོན་འགོག་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་འཇོན་མིའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། སྐོར་ཞིབ་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས་སྐོར་ཞིབ་ཀྱི་ཆབ་སྲིད་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
ཐེངས་འདིའི་སྐོར་ཞིབ་ནི་ཟླ6པའི་ཟླ་དཀྱིལ་ནས་ཟླ8པའི་ཟླ་དཀྱིལ་བར། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནུས་ཁུངས་ཅུའུ། ཞིང་ཆེན་འབྲུ་རིགས་ཅུའུ་བཅས་ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་ལས་ཁུངས10ལ་རྒྱུན་ལྡན་ལྟར་སྐོར་ཞིབ་བྱ་རྒྱུ་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་ལ་མི་རིགས་ཆོས་ལུགས་བྱ་བའི་ཆེད་དོན་སྐོར་ཞིབ་བྱ་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།