ལུའོ་ཏུང་ཁྲོན་གྱིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་ཆེན་གྱི་གཞུང་ལམ306གི་ཀོན་ཐིན་ནས་བ་ཡན་བར་གྱི་ལམ་དུམ་དག་ཐེར་དང་ས་གཤིས་གནོད་འཚེ་འགོག་བཅོས་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས།
2025.06.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ལུའོ་ཏུང་ཁྲོན་གྱིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་ཆེན་གྱི་གཞུང་ལམ306གི་ཀོན་ཐིན་ནས་བ་ཡན་བར་གྱི་ལམ་དུམ་དག་ཐེར་དང་ས་གཤིས་གནོད་འཚེ་འགོག་བཅོས་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས།

ཟླ6པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོའུ་ཏུང་ཁྲོན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་རང་སྐྱོང་རྫོང་དང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་སོང་སྟེ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་ཆེན་གྱི་གཞུང་ལམ306གི་ཀོན་ཐིན་གྲོང་རྡལ་ནས་བ་ཡན་གྲོང་རྡལ་བར་གྱི་ལམ་དུམ་དག་ཐེར་དང་ས་གཤིས་གནོས་འཚེ་འགོག་བཅོས་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་སུ་གནས་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ད་ལྟ་སྤེལ་བཞིན་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། སེམས་ཤུགས་གཉིས་བཀོལ་གྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཐ་རྒྱ་དང་འདན་མའི་རི་ཉིལ་ཐག་གཅོད་ཡུལ་དངོས་དང་ཡ་ཤུལ་སྡེ་བའི་རི་ཉིལ་ལམ་དུམ་གྱི་ལམ་ཐིག་བསྒྱུར་བའི་ལས་ཡུལ་དུ། ལོའུ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་ལས་གཞིའི་འཛུགས་སྐྲུན་འཕེལ་རིམདང་།  ལས་བཟོའི་འཆར་གཞི། ས་གཤིས་གནོད་འཚེ་ཐག་གཅོད་སོགས་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་ལྟ་བྱས། ཁོས་བསྟན་དོན། ཀོན་ཐིན་ནས་བ་ཡན་ལམ་དུམ་གྱི་ས་གཤིས་ཆ་རྐྱེན་ཞན་པ་དང་། འགོག་རྐྱེན་ཉེན་ཁ་མང་བ། ལས་སྐྲུན་དཀའ་ཁག་ཆེ་བས། འགན་འཁྲིའི་འདུ་ཤེས་ཤུགས་དྲག་ཏུ་བཏང་སྟེ། ཚད་མཐའི་བསམ་བློ་ཇེ་བརྟན་དུ་གཏོང་བ་དང་། དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་པ། ལག་རྩལ་འགག་སྒྲོལ་ཇེ་ཆེར་གཏོང་དགོས་ཤིང་། ཤུགས་ཆེན་པོས་ས་གཤིས་གནོད་འཚེའི་ཉེན་གཡོལ་ཐག་གཅོད་བྱ་བ་ལེགས་པོར་སྒྲུབ་པ་དང་། འགོག་རྐྱེན་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཇེ་དྲག་ཏུ་བཏང་ནས། ལས་སྐྲུན་བདེ་འཇགས་དང་བཟོ་སྐྲུན་སྤུས་ཚད་ལ་ཁག་ཐེག་བྱེད་པ་དང་། མང་ཚོགས་བདེ་ཐང་སྟབས་བདེའི་སྒོ་ནས་འགྲོ་འོང་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།

གཞུང་ལམ་ལས་སྐྲུན་བྱ་བ་འདི་འདྲའི་མགྱོགས་པོ་ཡིན་པ་ཡིད་ལ་དྲན་མྱོང་མེད། སྡེ་བའི་མང་ཚོགས་རྣམས་ཀྱང་ཡིད་ཚིམ་འདུག སྡེ་མི་མང་པོ་ཞིག་ལས་སྐྲུན་ཁྲོད་ལས་ཀར་ཞུགས་ཡོད་པས་ད་ལོའི་ཡོང་འབབ་ལ་འགན་སྲུང་ཞིག་ཡོད་འདུག  གཞུང་ལམ་ལས་ཚར་ན་ངས་གསོ་སྤེལ་གཞི་རྒྱ་ཇེ་ཆེར་བཏང་ནས་ཡུལ་མི་སྤུན་ཟླ་ཚོ་མཉམ་དུ་ཕྱུག་པོར་བསྒྱུར་རྒྱུ་ཡིན། བཟོ་སྐྲུན་འཛུགས་སྐྲུན་བྱ་བའི་ཡུལ་དངོས་བཀོད་འདོམས་པུའུ་རུ། ལམ་བརྒྱུད་ཀྱི་གྲོང་རྡལ་དང་ཞིང་སྡེའི་གཞི་རིམ་ལས་བྱེད་པ་དང་སྡེ་བའི་འཐུས་མིས་བཞུགས་མོལ་ཚོགས་འདུའི་སྟེང་བརྗེ་རེས་བྱེད་སྐབས། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ལས་གཞི་འཛུགས་སྐྲུན་ཚུན་གྱི་འགྱུར་ལྡོག་གསར་པ་དང་ལས་རིམ་གསར་པ་གླེང་བ་ན། ལོའུ་ཏུང་ཁྲོན་དགའ་སྤྲོ་དང་བཅས་བཤད་རྒྱུར། ཀོན་ཐིན་ནས་བ་ཡན་བར་གྱི་གཞུང་ལམ་ནི་དམངས་ཚིས་བཟོ་བསྐྲུན་དང་། མི་རིགས་མཐུན་སྒྲིལ་གྱི་བཟོ་བསྐྲུན། གྲོང་གསེབ་དར་སྤེལ་བཅས་ཀྱི་བཟོ་བསྐྲུན་གལ་ཆེན་ཞིག་ཡིན་པས། ལས་གཞི་འཛུགས་སྐྲུན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་སྡོམ་ནན་དཀྲི་བྱེད་པ་དང་། ལས་གཞིའི་བཀོད་གཏོང་དང་ལས་སྐྲུན་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། ལས་སྐྲུན་ཡུལ་དངོས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཇེ་དམ་དུ་གཏོང་བ་དང་། བཟོ་སྐྲུན་གྱི་སྤུས་ཚད་འགག་སྒོ་དམ་སྲུང་བྱེད་པ། རྒྱུ་རྐྱེན་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་སྟེ། གཞུང་ལམ་འཛུགས་སྐྲུན་བྱ་བ་མང་ཚོགས་ཀྱིས་ཤེས་རྟོགས་དང་དེའི་ཁྲོད་ཟབ་ཞུགས་བྱེད་ཅིང་།  རྒྱབ་སྐྱོར་ཡོད་པར་བྱེད་དགོས་ལ། འཛུགས་སྐྲུན་འཕེལ་རིམ་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་ནས་ལོ་མཇུག་ཏུ་གཞུང་ལམ་དག་ཐེར་བྱ་བ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་དགོས། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། གཞུང་ལམ་འཛུགས་སྐྲུན་བྱ་བ་དེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ནས། དམངས་ལ་ཞབས་འདེགས་ཞུ་བ་མུ་མཐུད་ལེགས་སྒྱུར་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས་ལམ་བརྒྱུད་ཀྱི་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་སྐུལ་ཁྲིད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་དགོས་ཟེར།

ཁྲིན་ཅི་ཝེ་རྟོག་ཞིབ་ཁྲོད་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།