ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཅིར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ6པའི་ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཅིར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། འབྲེལ་བ་བཙུགས་པའི་ལོ་ངོ33རིང་ལ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ད་ལོའི་ཟླ2པར་ང་ཚོས་པེ་ཅིང་དུ་གྲུབ་འབྲས་ཕུན་སུམ་ཚོགས་པའི་ཐུག་འཕྲད་བྱས་ཏེ། ཐུན་མོང་གི་ལྟ་བ་གལ་ཆེན་རབ་དང་རིམ་པ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་ཐུན་མོང་དང་ཡུན་རིང་གི་ཁེ་ཕན་ལ་སྲུང་སྐྱོབ་ལེགས་པོ་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་གཞི་ཁྱོན་ཆེ་རུ་བཏང་ནས། དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཉམ་འབྲེལ་མཉམ་མཐུད་ཀྱི་དྲ་བ་འཐུས་ཚང་དུ་བཏང་སྟེ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པིའེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་སྤུས་ཚད་མཐོན་པོས་བསྐྲུན་དགོས། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། དག་གཙང་ནུས་ཁུངས་དང་ལྗང་མདོག་གཏེར་ཐོན། མི་ཐབས་རིག་ནུས་སོགས་ཀྱི་ཐད་འཕར་གནས་གསར་པ་བཏོད་དགོས། རིག་གནས་དང་ཡུལ་སྐོར། སློབ་གསོ་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ། དམངས་ཕན་རྣམ་གྲངས་སྔར་ལས་མང་པོ་ལག་བསྟར་བྱ་དགོས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་རྒྱལ་ཁབ་གཉིས་ནི་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁེ་ཕན་རེག་མཁན་ཡིན་ལ། མཉམ་དུ་ཕྱོགས་མང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། སྔར་ལས་དྲང་བདེན་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་སྔ་རྗེས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པ་མ་ཟད་རྩེ་ཚོགས་གཙོ་སྒྲུབ་བྱ་དགོས་ཤིང་། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཀྲ་ཕ་ལུའོ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་དབུ་ཁྲིད་འོག ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ལམ་དུ་ནུས་ཤུགས་ཡོད་རྒུས་མདུན་དུ་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་བླངས་ཡོད་ལ། རྒྱལ་སྤྱིའི་གར་སྟེགས་སྟེང་གནད་འགག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན། ཁྱིམ་མཚེས་རྒྱལ་ཁབ་བར་འགྲིག་མཐུན་བྱེད་པ་བཅས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རྩིས་མཐོང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་ཏུ་བསྟར་ནས། རྣམ་པ་གང་རུང་གི་ཐའེ་ཝན་རང་བཙན་ལ་ངོ་རྒོལ་དང་། སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། ཀྲུང་གོ་ནི་ཅིར་ཅི་སི་སི་ཐན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་དང་དངུལ་གཏོང་གི་གྲོགས་པོ་ཡིན་པ་དང་། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཅིར་ཅི་སི་སི་ཐན་དུ་ཡོང་ནས་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་དང་ཝུའུ་ཙི་པིའེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པ་དང་། ནུས་ཁུངས་དང་ལྗང་མདོག་གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་དེ་ལག་ལེན་དུ་བསྟར་འདོད་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཡ་གླིང་དབུས་མའི་རྐྱེན་སྲོལ་བཅས་ཀྱི་ཁྲོད་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད།
མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱིས་ཞིང་ལས་དང་སྒོ་ཁྲལ་ལས་ཁུངས། ཚན་རྩལ་དང་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་བཀོད་པ་ཁྱབ་བསྒྲགས་གནང་བར་མཉམ་དུ་བདེན་དཔང་མཛད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོ་ལ་ཞུགས།