ས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཝུའུ་ཙི་པིའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཝུའུ་ཙི་པིའེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་ཚོས་པེ་ཅིང་དང་ཨ་སི་ཐ་ན་རུ་ཐེངས་གཉིས་ལ་ཐུག་འཕྲད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་འཐབ་ཇུས་འཆར་འགོད་བྱས་པས། ཀྲུང་གོ་དང་ཝུའུ་ཙི་པིའེ་ཁི་སི་ཐན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཕྱོགས་ཡོངས་ནས་སྤེལ་བ་དང་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་། ཀྲུང་གོས་ཝུའུ་ཙི་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་གྲངས་སྔར་ལས་མང་པོ་ལག་བསྟར་བྱེད་པ། སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་ནང་དོན་དང་གསོན་ཤུགས་སྔར་ལས་ལྡན་པའི་ཀྲུང་གོ་དང་ཝུའུ་ཙི་པིའེ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པིའེ་ཁི་སི་ཐན་ཕྱོགས་གཉི་གས་ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་བྱེད་ཐབས་སྔར་ལས་མང་པོ་འདོན་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་གཞི་ཁྱོན་རྒྱ་བསྐྱེད་པ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པིའེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་སྤུས་ཚད་མཐོན་པོས་བསྐྲུན་པ། ཟུར་མང་ཅན་གྱི་སྦྲེལ་མཐུད་ཀྱི་རྣམ་པ་བཏོད་དེ། མི་ཐབས་རིག་ནུས་དང་། ནུས་ཁུངས་གསར་པ། རིག་ནུས་ཞིང་ལས། སྤྱི་པའི་འཕྲོད་བསྟེན་སོགས་གསར་དར་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཆེ་རུ་བསྐྱེད་དགོས། ཕན་ཚུན་བར་དུ་རིག་གནས་ལྟེ་གནས་ཧུར་ཐག་གིས་འཛུགས་པ་དང་། སློབ་གྲྭ་བརྒྱའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ལེགས་པར་བསྡུ་བ། དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་རྒྱལ་ཁབ་གཉི་གའི་མང་ཚོགས་ཀྱི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་བདེ་འཇགས་མཉམ་ལས་མུ་མཐུད་དུ་ཟབ་མོར་སྤེལ་བ་དང་། ངན་ཤུགས་གསུམ་ལ་མཉམ་དུ་ངོ་རྒོལ་བྱེད་པ། ལག་གདང་སྦྲེལ་ནས་འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་འཇལ་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས། ཕྱོགས་གཉི་གས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྐྱེན་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་རོགས་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།
སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་འཛམ་གླིང་སྟེང་ཁྱད་དུ་འཕགས་པའི་ཆབ་སྲིད་པ་ཡིན་ལ། ཁོང་གིས་ཀྲུང་གོའི་སྣེ་ཁྲིད་དེ་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱི་ནང་གི་སྲིད་ཇུས་ལག་བསྟར་བྱས་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་བཏང་ལ། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། དེང་སྐབས་འཛམ་གླིང་སྟེང་་གནད་དོན་གལ་ཆེན་གང་ཞིག་ཐག་གཅོད་བྱེད་པར་ཀྲུང་གོ་དང་ཁ་འབྲལ་ཐབས་མེད། ཝུའུ་ཙི་པིའེ་ཁི་སི་ཐན་དང་ཀྲུང་གོ་སྤུན་ཟླ་བཟང་པོ་ཡིན་ཞིང་། རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཧ་ཅང་དམ་ཟབ་ཡིན་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཝུའུ་ཙི་པིའེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཝུའུ་ཙི་པིའེ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཝུའུ་ཙི་པིའེ་ཁི་སི་ཐན་གྱིས་ཀྲུང་གོའི་བར་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་གྱི་ཉམས་མྱོང་ལ་སློབ་སྦྱོང་ཟབ་མོ་བྱེད་པ། ཉོ་ཚོང་དང་དངུལ་གཏོང་གཞི་ཁྱོན་རྒྱ་བསྐྱེད་པ། མཐོ་གསར་ལག་རྩལ་དང་ཕན་ཚུན་སྦྲེལ་མཐུད། ཞིང་ལས། ལྗང་མདོག་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྤུས་ཚད་མཐོན་པོས་གོང་འཕེལ་གཏོང་བ། ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ངན་ཤུགས་གསུམ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མིག་སྔའི་དབུས་ཤར་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་ཏེ། དབུས་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་བཏང་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་རྒྱལ་ཁབ་གཞན་གྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་ཡིན། དམག་དོན་འགལ་བ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་མིན་ལ། ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་ཕྱིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མི་མཐུན་པས། ཕྱོགས་སོ་སོས་འཁྲུག་རྩོད་མྱུར་དུ་ཞི་འཇགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ཛ་དྲག་གི་གནས་ཚུལ་ཚབས་ཇེ་ཆེར་མི་འགྲོ་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སླར་གསོ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱིས་ཝུའུ་ཙི་པིའེ་ཁི་སི་ཐན་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པའི་ཕྱོགས་གཉིས་ཀྱི་གྲོས་མཐུན་བཀོད་པ་ཁྱབ་བསྒྲགས་བྱས་པར་མཉམ་དུ་བདེན་དཔང་བྱས།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས།