ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་ལ་མཇལ་འཕྲད་གནང་།
2025.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པིའེ་ཨར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཐུའུ་ཁུའུ་མན་སི་ཐན་གྱི་སྲིད་འཛིན་པིའེ་ཨར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་དུ་ཆབ་སྲིད་ཀྱི་ཡིད་ཆེས་བརྟན་པོ་དང་། མཉམ་ལས་ཀྱི་འདོད་བློ་དྲག་པོ་ཡོད་ལ། ཕན་ཚུན་གསབ་རེས་ཀྱི་དགེ་མཚན་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། མུ་མཐུད་དུ་ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་རྨང་གཞིའི་སྟེང་མཉམ་ལས་ཀྱི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་།  རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གཏིང་ཚད་དང་རྒྱ་ཆེ་ཚད། གཞི་ཁྱོན་བཅས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་དང་དར་གོས་ཚོང་ལམ་བསྐྱར་དར་གྱི་འཐབ་ཇུས་སྦྲེལ་མཐུད་དོན་འཁྱོལ་ལེགས་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རང་བྱུང་སོལ་རླངས་ཐད་ཀྱི་མཉམ་ལས་གཞི་ཁྱོན་ཆེར་བསྐྱེད་པ་དང་། ཐོན་ཁུངས་མ་ཡིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ།  ཉོ་ཚོང་གི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། ས་ཁུལ་མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཕན་ཚུན་གྱི་རིག་གནས་ལོ་འཁོར་སྤེལ་བའི་རྨང་གཞིའི་སྟེང་མི་གཞུང་བརྗེ་རེས་ཀྱི་བྱེད་སྒོ་སྔར་ལས་མང་པོ་སྤེལ་བ་དང་། རང་རྒྱལ་ཁབ་ཏུ་ཕ་རོལ་བོའི་རིག་གནས་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་ལས་དོན་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ངན་ཤུགས་གསུམ་ལ་མཉམ་དུ་རྡུང་རྡེག་བཏང་ནས། དྲ་རྒྱའི་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁྱིམ་མཚེས་འགྲིག་མཐུན་དང་ཁྱིམ་མཚེས་བདེ་འཇགས། ཁྱིམ་མཚེས་ཕྱུག་འགྱུར། ཕན་འདོགས་བཟོད་སྒོམ་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་རྒྱུ་དེ་སྟེགས་བུ་གཙོ་བོར་བརྩིས་ནས། ཐུའུ་ཁུའུ་མན་སི་ཐན་དང་བཅས་པའི་མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་བསྐྲུན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པ་དང་། ཨ་ཧྥུའུ་ཧན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཐེངས་ལྔ་པ་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། ཐུའུ་ཁུའུ་མན་སི་ཐན་ཡུན་རིང་གི་བར་གནས་རྒྱལ་ཁབ་བྱས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པའི་སྣང་ཚུལ་མཐོང་བར་འདོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་བསྣན་ནས། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཐུན་མོང་གི་ཁེ་ཕན་ལ་འགན་སྲུང་བྱ་འདོད་ཡོད།

པའེ་ཨར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་ཡིས་བསྟན་དོན།  ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཀྱི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མཐོ་རིམ་གྲོས་ཚོགས་ཀྱིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པར་མ་ཟད། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་ཕྱོགས་གཉིས་མཉམ་ལས་ལ་ཡར་སྐུལ་གཏོང་ཐུབ་པར་ཡིད་ཆེས་ཡོད། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ཁྱོན་ཡོངས་ནས་རྒྱ་ཆེ་རུ་གཏོང་བ་དང་། ཀྲུང་གོར་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲུལ་ཆས་བཟོ་སྐྲུན་དང་འཁེལ་འཐག་སོགས་ཐོན་ཁུངས་མ་ཡིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ། མཉམ་འབྲེལ་མཉམ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ།  སློབ་གསོ་དང་རིག་གནས་སོགས་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། ཁྲིམས་འཛིན་བདེ་འཇགས་མཉམ་ལས་དམ་ཟབ་ཏུ་གཏོང་བ།  ཀྲུང་གོའི་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་ཆེན་པོ་བྱས་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་འདོད་ཡོད།

མཇལ་འཕྲད་ཀྱི་རྗེས་སུ།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲོས་མཐུན་འགོད་པར་བདེན་དཔང་བྱས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོ་ལ་ཞུགས།