ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཐད་མུ་མཐུད་དུ་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང3མངག་གཏོང་བྱས་ནས། ནང་སོག་དང་ཀོང་ཞི། ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་སོགས་ས་གནས་དང་ལས་ཁུངས7ནས་སློབ་སྦྱོང་སློབ་གསོའི་མཛུབ་ཁྲིད་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་རྒྱུའི་ཐག་བཅད།
སྔོན་མར་མངགས་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གསུམ་པས་ཧུའུ་པེ་ཆན་ཅང་ལ་མཛུབ་སྟོན་ལྟ་སྐུལ་བྱེད་པ་ནས་ཧུའུ་པེ་རུ་འཛུབ་སྟོན་ལྟ་སྐུལ་བྱེད་རྒྱུར་བཀོད་སྒྲིག་བྱས།