ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཁྲོད། ཀོང་ཏུང་ཀྲུང་ཧྲན་དང་མཚོ་སྔོན་ཟི་ལིང་སོགས་ས་ཁུལ་གྱིས་གཞི་གཅིག་ཏུ་སློབ་བཤེར་སྒྱུར་གསུམ་སྤེལ་ནས། སློབ་སྦྱོང་གཏིང་ཟབ་དང་ཞིབ་བཤེར་ཞིབ་ཚགས། བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཀོང་ཏུང་ཀྲུང་ཧྲན་གྱིས་ད་ལོའི་ས་ཁུལ་ཁག་ཅིག་ཏུ་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་ཤོར་བ་དང་གློག་རྡུལ་ཆ་འཕྲིན་སོགས་ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་ཀྱི་ཕྱིར་གཏོང་བཀག་སྐྱོན་ཐེབས་པ། ལས་བཟོ་བའི་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་པ་དང་། ཚོང་ར་རྒྱ་བསྐྱེད་པ་དང་ཐོན་ལས་རིམ་སྤོར་བྱེད་པ། དངུལ་རྩའི་རྒྱབ་སྐྱོར་སོགས་ལ་དམིགས་ནས་བྱེད་ཐབས15བཏོན་ཏེ། ཁེ་ལས་ཀྱིས་ཚོང་གཉེར་བརྟན་འཇགས་སུ་གཏོང་བ་དང་ཕྱི་ཕྱོགས་སུ་སོང་ནས་ཚོང་ར་རྒྱ་བསྐྱེད་པ། འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བར་རམ་འདེགས་བྱས། ཟླ་དང་པོ་ནས་ལྔ་པའི་བར་དུ། ཀོང་ཏུང་ཀྲུང་ཧྲན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་གྲངས་བསྡོམས་པས་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་དགུ་ལ་སླེབས་པ་དང་། དེ་དུས་མཉམ་དང་བསྡུར་ན7.4%འཕར།
མིག་སྔར། ཀོང་ཏུང་ཀྲུང་ཧྲན་གྱི་ཏང་ཡོན་ལས་བྱེད་པ500ལྷག་ཁེ་ལས4600ལྷག་ལ་འཚམས་འདྲིར་སོང་ནས། གནད་དོན2100ལྷག་བསྡུ་རུབ་བྱས་པ་དང་། གནད་དོན་དེ་དག་གི་འགན་ཁུར་སྡེ་ཁག་དང་འགན་འཁྲི་མི་སྣ། ལེགས་འགྲུབ་དུས་བཀག་བཅས་གཏན་ཁེལ་གསལ་བོ་བྱས་ལ། གནད་དོན910ལྷག་ཐག་བཅད།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་བྱ་བར་བསྡུར་ཞིབ་བྱེད་པའི་ཚད་གཞིར་བརྩིས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་། སྒེའུ་ཁུང་གཅིག་ནས་བདག་སྤྲོད་བྱེད་པ་དང་མཉམ་དུ་བསྒྲུབ་པའི་བྱ་བའི་རྣམ་པ་ཟབ་སྒྱུར་བྱས་པ་བརྒྱུད་དེ། དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་ཚར་པ་དང་ཞིང་ཆེན་བརྒལ་ནས་ལས་སྒོ་གཉེར་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ཉིན་གུང་ལས་སྒྲུབ་མཚམས་མི་འཇོག་པ་དང་། གཟའ་མཇུག་ཏུའང་ལས་ཀ་བྱེད་པ་སོགས་ཀྱི་ཞབས་ཞུའི་བྱེད་ཐབས་བརྒྱུད་དེ། མང་ཚོགས་ཀྱི་དགོས་མཁོ་སྐོང་ཐབས་བྱས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཚུན་དུ། ཟི་ལིང་གིས་གནད་དོན་གསལ་ཐོ་དེ་ཕན་འབྲས་གསལ་ཐོར་བསྒྱུར་ནས། གནད་དོན2125འཚོལ་འདོན་བྱས་པ་དང་། གནད་དོན1721དག་ཐེར་ལེགས་བཅོས་བྱས།