ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་བྱང་ཁུལ་གྱི་མཐོ་སྒང་མཐོ་འཁྱག་གི་ས་ཡོམ་རོགས་སྐྱོར་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞིར་རྟོག་ཞིབ་བྱས།
2025.06.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས17ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ། ཡུལ་དངོས་སུ་མཐོ་སྒང་མཐོ་འཁྱག་གི་ས་ཡོམ་རོགས་སྐྱོར་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞིར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཡུལ་དངོས་སུ་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་ལས་གཞིའི་རྗེས་མཐུད་ཀྱི་ལས་ཡུན་བཀོད་སྒྲིག་དང་འཕྲད་པའི་དཀའ་ངལ་གནད་དོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ཏང་ཨུས་དཔུང་ཁག་འཛུགས་སྐྲུན་དམ་འཛིན་ནན་མོ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གཞི་ལག་བསྟར་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ལས་གཞི་འཛུགས་སྐྲུན་སྐབས་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལས་གཞིའི་རྗེས་མཐུད་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པའི་ཐད་བླང་བྱ་བཏོན།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ལས་གཞི་འཛུགས་སྐྲུན་གྱིས་མེ་གསོད་འཕྲལ་བསྟུན་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་ས་གནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་དང་འགན་འཁྲི་གཟབ་ནན་སྒོས་དོན་འཁྱོལ་བྱས་ནས། ལས་གཞི་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པར་ཁག་ཐེག་བྱེད་དགོས།  མྱུར་ཚད་འགན་ལེན་དང་བདེ་འཇགས་སྲུང་སྐྱོབ།    སྤུས་ཚད་སྲུང་སྐྱོབ།    ཁོར་ཡུག་སྲུང་སྐྱོབ།    སྤྱོད་གཙང་སྲུང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།    ཚད་ལྡན་ཚད་གཞི་གཞིར་བཟུང་ནས་ཨར་ལས་འཛུགས་སྐྲུན་ནན་མོ་བྱས་ཏེ།    བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱེད་པ་དང་།    སྲིད་གཙང་ལྟ་སྐུལ་ལ་ཤུགས་སྣོན་པ། ལས་གཞི་འཛུགས་སྐྲུན་དེ་ལོ་རྒྱུས་དང་དུས་ཚོད་ཀྱི་བརྟག་བཤེར་ཐེག་ཐུབ་པའི་སྤུས་ལེགས་བཟོ་སྐྲུན་ཤིག་ཏུ་བསྐྲུན་དགོས། ཕྱོགས་སོ་སོའི་མཐུན་སྦྱོར་གཞོགས་འདེགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་།    མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ཏང་ཨུས་གཅིག་གྱུར་འཆར་འགོད་འགོ་ཁྲིད་ལ་ཤུགས་སྣོན་པ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།  ལས་གཞི་འཛུགས་སྐྲུན་དང་ཨར་ལས། ལྟ་རྟོག་བཅས་ཕྱོགས་གསུམ་གྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་པ།    སེམས་ཤུགས་གཅིག་སྒྲིལ་གྱིས་ལས་གཞི་དུས་ལྟར་ལེགས་འགྲུབ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། མེ་ཟོན་རོགས་སྐྱོབ་དཔུང་སྡེའི་འཕྲལ་བསྟུན་རོགས་སྐྱོབ་དང་སྤྱི་ཚོགས་ཐད་ཀྱི་གནོད་འགོག་གནོད་སེལ་ནུས་པ་དངོས་གནས་ཇེ་ཆུང་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།