ཟླ6པའི་ཚེས22ཉིན། ཝང་ཧུའུ་ཉིང་གིས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི། གྲོས་ཁང་ཞོལ་མའི་གྲོས་དཔོན་ཝན་ནའོ་ལ་མཇལ་འཕྲད་གནང་།
ཟླ6པའི་ཚེས22ཉིན། ཝང་ཧུའུ་ཉིང་གིས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི། གྲོས་ཁང་ཞོལ་མའི་གྲོས་དཔོན་ཝན་ནའོ་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་ཟླ2པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཙུང་ལི་ཕེ་ཐུང་ཐན་དང་ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བརྟན་པོར་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་སྔར་ལས་གསལ་སྟོན་བྱས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ཏེ། “ཀྲུང་གོ་དང་ཐེ་གོ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་སྲོལ་རྒྱུན་མཛའ་བརྩེའི་རྒྱུན་བཟུང་ཞིང་། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་ཆབ་སྲིད་དང་དཔལ་འབྱོར། དམངས་འདོད་བཅས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་རྒྱུ་ཡིན་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།
ཝན་ནའོ་ཡིས་བཤད་རྒྱུར། ཐེ་གོ་དང་ཀྲུང་གོའི་མཛའ་བརྩེའི་ལོ་རྒྱུས་ཀྱི་ཡུན་རིང་ཞིང་།“ཐེ་གོ་དང་ཀྲུང་གོ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དེ་མི་སེམས་སུ་སིམ་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ད་ལོ་ནི་ཐེ་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་ཞིང་། ཐེ་གོ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཧུའུ་ཁྲུན་ཧྭ། ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།