ལིས་ཆང་གིས་སིང་ག་ཕོར་གྱི་ཙུང་ལི་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
2025.06.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཛད་སྒོ་བསྡུས་ཏེ། སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་ཡིས་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་སོགས་དགའ་བསུའི་མཛད་སྒོར་ཞུགས།

དམག་དཔུང་རམ་དཀྲོལ་རུ་ཁག་གིས་སང་ག་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།

དེའི་རྗེས། ལིས་ཆང་གིས་ཧོང་ཞོན་ཚའེ་ལ་ཕེབས་རོགས་གནང་སྟེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད།