ཟླ6པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་དང་གྲོས་མོལ་གནང་།
ཟླ6པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་དང་གྲོས་མོལ་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་སིང་ཀ་ཕོར་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོ་གལ་ཆེན་ཡིན་ཞིང་། འབྲེལ་བ་བཙུགས་ནས་ལོ35རིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་སྲོལ་རྒྱུན་མཛའ་བརྩེ་མུ་མཐུད་ཇེ་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་མཐོ་རུ་ཕྱིན་ཏེ། དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུའི་ཐད་སྔར་ལས་འཆར་འགོད་བཟོས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་སྲུང་འཛིན་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནུབ་ཕྱོགས་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་བེད་སྤྱོད་ལེགས་པོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ལེགས་པོ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལས་གཞི་རྒྱ་ཇེ་ཆེར་དང་ཇེ་དྲག་ཏུ་གཏོང་བ། ཉོ་ཚོང་གི་མ་དངུལ་གཏོང་ཚད་ཆེ་རུ་བཏང་སྟེ། གཞི་གྲངས་དཔལ་འབྱོར་དང་མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་སྔར་ལས་མང་པོ་བཏོད་དེ། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། མི་གཞུང་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་དང་སིང་ཀ་ཕོར་ནི་དཔལ་འབྱོར་འཛམ་གླིང་ཅན་དང་རང་མོས་ཉོ་འཚོང་གི་ཁེ་ཕན་ཐོབ་མཁན་དང་སྲུང་སྐྱོབ་བྱེད་མཁན་ཡིན། སྒོ་འབྱེད་ཡིན་པའི་ས་ཁོངས་རིང་ལུགས་དང་དོན་དམ་པའི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། ཉོ་འཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་བ་དང་། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་སོགས་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དང་མཉམ་དུ། དུས་ལྟར་ཀྲུང་གོ་དང་ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་འཚོང་ས་ཁུལ་གྱི་རིམ་པ་གསུམ་པའི་རིམ་སྤར་ཆོད་ཡིག་ལ་མིང་རྟགས་འགོད་པ་དང་ལག་བསྟར་བྱེད་པར་སྐུལ་བ། ས་ཁོངས་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་སྤུས་ཚད་མཐོན་པོས་ལག་བསྟར་བྱས་ནས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་འདོད་ཡོད་པ་བསྟན།
ཧོང་ཞོན་ཚའེ་ཡིས་བསྟན་དོན། སིང་ཀ་ཕོར་དང་ཀྲུང་གོའི་བར་གྱི་འབྲེལ་བ་ནི་འགྲོགས་ཡུན་ཅི་ཙམ་རིང་ན་དེ་ཙམ་བཟང་། སིང་ཀ་ཕོར་ཕྱོགས་ཀྱིས་ད་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོའི་ཕྱོགས་དང་མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། མཛའ་བརྩེ་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་ནས་ཕྱོགས་གསུམ་པའི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད། སིང་ཀ་ཕོར་ཕྱོགས་ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ནས་རང་མོས་ཉོ་འཚོང་དང་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་འདོད་ཡོད།
གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་འཇོན་མི་སྐྱེད་སྲིང་དང་ཤེས་བྱའི་ཐོན་དབང་སོགས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད།
ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།