ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད།
2025.06.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ། 《སྦྲེལ་དྲའི་ལས་སྟེགས་ཁེ་ལས་ཀྱི་ཁྲལ་འབྲེལ་ཆ་འཕྲིན་གོང་ཞུ་གཏན་འབེབས》ཁྱབ་བསྒྲགས་བྱས་ཤིང་། ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱས། 《གཏན་འབེབས》ཀྱི་དམིགས་ཡུལ་ནི་སྦྲེལ་དྲ་ལས་སྟེགས་ཁེ་ལས་ཀྱིས་ཁྲལ་དོན་ལས་ཁུངས་ལ་ལས་སྟེགས་ཀྱི་གཉེར་སྐྱོང་པ་དང་ལས་ཞུགས་མི་སྣའི་ཁྲལ་འབྲེལ་ཆ་འཕྲིན་གོང་ཞུ་བྱེད་པ་ཚད་ལྡན་དུ་གཏོང་བ་དང་། ཁྲལ་བསྡུའི་ཞབས་ཞུ་དང་དོ་དམ་ཕན་ནུས་ཆེ་རུ་གཏོང་བ། ཁྲལ་འཇལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས། དྲང་གཞག་གཅིག་གྱུར་གྱི་ཁྲལ་བསྡུའི་ཁོར་ཡུག་ཅིག་བཏོད་དེ། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

《གཏན་འབེབས》ནང་བསྡོམས་པས་དོན་ཚན14ཡོད་ལ། ནང་དོན་གཙོ་བོ་ལས་གཅིག་ནི་འོས་འགན་དང་། ནང་དོན། དུས་བཀག་བཅས་ཡར་འབུལ་བའི་བླང་བྱ་དང་། གཉིས་ནི་འབུལ་མི་དགོས་པའི་གནས་ཚུལ་ཡིན། གསུམ་ནི་ཡར་འབུལ་བའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་ཡིན། བཞི་ནི་ཁྲལ་འབྲེལ་ཆ་འཕྲིན་གྱི་གསང་བའི་འོས་འགན་ཡིན།