ལིས་ཆང་དབྱར་དུས་ཏ་ཝོ་སི་གླེང་སྟེགས་སྐབས་བཅུ་དྲུག་པར་ཞུགས་རྒྱུ་རེད།
2025.06.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ6པའི་ཚེས24ཉིན་ནས་ཚེས25ཉིན་བར་ཐེན་ཅིན་དུ་དབྱར་དུས་ཏ་ཝོ་སི་གླེང་སྟེགས་སྐབས་བཅུ་དྲུག་པར་ཞུགས་རྒྱུ་རེད། དེའི་རིང་ཙུང་ལི་ལིས་ཆང་འགོ་རྩོམ་མཛད་སྒོར་ཞུགས་ཏེ་དམིགས་བསལ་ཤིས་ཚིག་འབུལ་རྒྱུ་ཡིན་པར་མ་ཟད། ཀྲུང་གོར་གླེང་སྟེགས་སྟེང་ཞུགས་སུ་ཡོང་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་དེ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་དང་བཞུགས་མོལ་གནང་རྒྱུ་རེད།

ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནུའོ་ཝོ་ཡ་དང་། སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ། ཅིར་ཅུ་སི་སི་ཐན་གྱི་ཙུང་ལི་ཁ་སེ་མ་ལི་ཡེ་ཧྥུའུ། སེ་ནེ་ཀལ་གྱི་ཙུང་ལི་སུང་ཁི། ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིན་ཀྲིན་བཅས་གླེང་སྟེགས་ལ་ཞུགས་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ90ལྷག་ནས་ཡོང་བའི་སྲིད་ཕྱོགས་དང་། ཚོང་དོན། སློབ་གསོ། སྨྱན་བྱད་བཅས་ཀྱི་ལས་རིགས་ཀྱི་འཐུས་ཚབ1700ལྷག་ཚོགས་འདུར་ཞུགས་རྒྱུ་རེད།