ལིས་ཆང་གིས་ཡོ་ནན་གྱི་ཙུང་ལིར་མཇལ་འཕྲད་གནང་།
2025.06.25 ཁུངས། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས24ཉིན། ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཀྱི་ཏ་བོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས24ཉིན། ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཀྱི་ཏ་བོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་དུ་རྒྱལ་ཁའི་ངང་འཚམས་འདྲི་གནང་བའི་ཚུན་ལ། ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་དུ་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ལེགས་པོ་བྱས་ཏེ། ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཆར་འགོད་ཆེན་པོ་དོན་དངོས་སུ་བསྒྱུར་འདོད་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཇེ་མགྱོགས་སུ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་“ཁྱམས་གཉིས་ཚོམས་གཅིག”གི་གཞི་སྒྲོམ་འབྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ལེགས་པོ་བྱས་ཏེ། མཉམ་འབྲེལ་མཉམ་མཐུད་དང་གཞི་གྲངས་དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་ནས། རང་མོས་ཉོ་འཚོང་དང་ཕྱོགས་མང་ཉོ་འཚོང་གི་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྔར་ལས་མང་པོའི་བརྟན་ལྷིང་རང་བཞིན་སྩོལ་དགོས།

ཧྥན་མེན་ཀྲིན་གྱིས་བསྟན་དོན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཉོ་འཚོང་དང་མི་གཞུང་སོགས་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་བྱས་ཏེ། ཕྱོགས་མང་མཉམ་ལས་ཇེ་མང་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་ལེགས་པོ་བྱེད་འདོད་ཡོད།

ཁྲེན་མེན་ཨར་དང་ཝུའུ་ཀྲིན་ལུང་གོང་གསལ་མཇལ་འཕྲད་ལ་ཞུགས།