རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས24ཉིན། པེ་ཅིང་དུ་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས24ཉིན། པེ་ཅིང་དུ་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་མཇལ་འཕྲད་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་དང་མཉམ་དུ་འཐབ་ཇུས་འཕེལ་རྒྱས་མཐུད་སྦྲེལ་བྱེད་པར་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་གྱི་མཉམ་ལས་དམ་པོ་བྱེད་པ།ཉོ་ཚོང་དང་དག་གཙང་ནུས་ཁུངས། མི་གཞུང་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་བྱེད་པ། ཀྲུང་གོ་དང་ཨེ་ཁྭ་ཏོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཁྭ་ཏོར་སོགས་ལཱ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི“བཟོ་སྐྲུན་ཆེན་པོ་ལྔ”མཉམ་སྐྲུན་བྱ་རྒྱུ་གོ་སྐབས་སུ་བཟུང་ནས། དེང་རབས་ཅན་མངོན་འགྱུར་གྱི་ལམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས།
ནའོ་ཝོ་ཡ་ཡིས་ཨེ་ཁྭ་ཏོར་གྱིས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གླེང་མོལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། ཉོ་ཚོང་དང་ཞིང་ལས། དག་གཙང་ནུས་ཁུངས། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཡར་སྐུལ་བྱས་ནས། ལག་གདང་མཉམ་སྦྲེལ་གྱིས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད།