ལིས་ཆང་གིས་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2025.06.25 ཁུངས། ཀློག་གྲངས། 0

 ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཁ་སི་མ་ལི་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

 ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཁ་སི་མ་ལི་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་གཟའ་འཁོར་སྔོན་མར།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཀྲ་ཕ་ལའོ་ཧྥུའུ་ལ་ཨ་སི་ཐ་ནཱ་རུ་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་གཏོང་བའི་ཐད་ནས་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ཇེ་དམ་དང་། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་བྷེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་སོགས་ཕན་ཚུན་སྦྲེལ་མཐུད་ཀྱི་ལས་གཞི་སྤེལ་ཏེ། དག་གཙང་ནུས་ཁུངས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱད་ཆོས་བསྐྲུན་པ། མི་གཞུང་འགྲོ་འོང་བཅས་ཟབ་སྤེལ་བྱས་ཏེ། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་དམ་ཟབ་བྱ་དགོས་པ་དང་། ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བོ་ལོན་པར་སྐུལ་ནས། རང་མོས་ཉོ་འཚོང་དང་འཛམ་གླིང་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་བརྟན་པོ་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས་པ་བསྟན།

ཁ་སི་མ་ལི་ཡེ་ཧྥུའུ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དམ་སྲུང་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་བར་གྱི་ཉོ་འཚོང་དང་མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བཏང་ནས། ཕྱོགས་མང་མཐུན་སྦྱོར་རམ་འདེགས་ཆེན་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདོད་ཡོད།