ཀྲའོ་ལི་ཅི་ཡིས་སིང་ཀ་ཕོར་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2025.06.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས24ཉིན་གྱི་ཕྱི་དྲོར། པེ་ཅིང་དུ་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས24ཉིན་གྱི་ཕྱི་དྲོར། པེ་ཅིང་དུ་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་རྣམ་གཉིས་ཀྱིས་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བསམ་བློ་བརྗེ་རེས་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་བར་ཤུགས་བསྣན་ཏེ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མི་གཞུང་བརྗེ་རེས་རྒྱ་ཆེར་བཏང་ནས། ཀྲུང་གོ་དང་སིང་ཀ་ཕོར་གྱི་ཕྱོགས་ཡོངས་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སིང་ཀ་ཕོར་རྒྱལ་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པར་དམིགས་ནས། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ་ཉམས་མྱོང་ལ་ཕན་ཚུན་གྱིས་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་སྤུས་ཚད་མཐོ་བའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཧོང་ཞུན་ཚའེ་ཡིས་བཤད་རྒྱུར། སིང་ཀ་ཕོར་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཕྱོགས་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་དེ། སིང་ཀ་ཕོར་དང་ཀྲུང་གོའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་ཚང་མས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་རང་ཉིད་ལ་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གདམ་དགོས་ལ། ཀྲུང་གོས་ལོ་བརྒྱའི་འབད་འཐབ་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་པར་ཡིད་ཆེས་བརྟན་པོ་ཡོད།