ཀྲའོ་ལི་ཅི་ཡིས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་འོག་མའི་གྲོས་གཙོའི་འགན་གཅིག་ལྕོགས་སུ་འཁུར་མཁན་དང་གྲོས་མོལ་གནང་།
2025.06.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་འོག་མའི་གྲོས་གཙོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝན་ནའོ་དང་གྲོས་མོལ་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་འོག་མའི་གྲོས་གཙོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝན་ནའོ་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ད་ལོའི་ཟླ2པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཕེ་ཐུང་ཐན་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་གཅིག་མཐུན་གྱི་ལྟ་བ་གལ་ཆེན་གྲུབ། ཀྲུང་གོས་ཐེ་གོ་ཕྱོགས་དང་ལྷན་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོས་ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད། ཐེ་གོ་ཕྱོགས་དང་ལྷན་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཐེ་གོའི་འབྱུང་འགྱུར་ཐོན་ལས་ཆེ་གྲས་ལྔ་སྦྲེལ་མཐུད་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཐེ་གོའི་ལྕགས་ལམ་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་འདོད། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཐེ་གོའི་བར་དུ་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལེགས་པོར་བསྒྲུབ་དགོས། སློབ་གསོ་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་དྲ་རྒྱན་གློག་རྫུན་སོགས་རྒྱལ་མཚམས་བརྒལ་བའི་ཉེས་གསོག་བྱ་སྤྱོད་ལ་མཉམ་དུ་རྡུང་རྡེག་གཏོང་དགོས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་དམ་ཟབ་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང“འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ”ལག་ཏུ་བསྟར་དགོས།