ཧན་ཀྲིན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཕྱི་ཕྱོགས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་ཐུན་མོང་མཇལ་འཕྲད་གནང་།
2025.06.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཀྲུང་གོར་ཡོང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་པའི་ཕྱི་ཕྱོགས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་ཐུན་མོང་མཇལ་འཕྲད་གནང་།

ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཀྲུང་གོར་ཡོང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས་པའི་ཕྱི་ཕྱོགས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་ཐུན་མོང་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ་དང་། ཀྲུང་གོས་སྣེ་ཁྲིད་པའི་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བར་རྒྱལ་ཁབ་མང་པོའི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་གདོང་གཏོད་དུས། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་པ། ཁྲིམས་སྐྱོང་གི་སྙིང་སྟོབས་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ། འདྲ་མཉམ་མཐུན་སྒྲིལ་རྒྱུན་འཁྱོངས་དང་ཐུན་མོང་བཅོས་སྐྱོང་མངོན་འགྱུར་བྱེད་པ། མཉམ་ལས་ཟབ་སྤེལ་རྒྱུན་འཁྱོངས་དང་ནུས་པ་མཐོར་འདེགས་མངོན་འགྱུར་བྱས་ཏེ། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཁྲོད་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་རྒྱུ་ཡིན།

ཧ་སག་སི་ཐན་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ནུའུ་ཨར་ཏ་ཝུའུ་ལེ་ཐུའོ་ཧྥུའུ་དང་ཨུ་རུ་སུ་དཀར་པོའི་བདེ་འཇགས་ཚོགས་འདུའི་རྒྱལ་སྲིད་དྲུང་ཡིག་ཝོ་ཨར་ཧྥུའུ་ཝུའེ་ཆི་ཡིས་ཕྱི་ཕྱོགས་ཀྱི་ཚབ་བྱས་ནས་གཏམ་བཤད་སྐབས། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ངོས་ནས་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་བསྔགས་བརྗོད་བྱས་ཤིང་། མཉམ་ལས་བྱས་ནས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་པར་བསྟན།

ཝང་ཞའོ་ཧུང་མཇལ་འཕྲད་ལ་ཞུགས།