ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་འཛུགས་སྐྲུན་ལས་དོན་སྐོར་ནས་དངོས་བཅར་རྟོག་ཞིབ་བྱས།
2025.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཁག་གིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཐིན་དུ་དངོས་བཅར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་གྱི་དམག་སྐྲུན་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་སྐྲུན་གསོ་སྐྱོང་རྟེན་གཞི་དང་། ཟི་ལིང་དམག་དོན་མཁོ་འདོན་ས་ཚིགས། སྡེ་ཁུལ་རྒན་གསོ་ཞབས་ཞུའི་ལྟེ་གནས་བཅས་སུ་དངོས་བཅར་རྟོག་ཞིབ་བྱས་ནས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་དང་དམག་དོན་མཁོ་འདོན་འགན་ལེན། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུ། དེ་བཞིན་ལོ་ལོན་གྱི་ཁེ་དབང་འགན་སྲུང་བཅས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྲིམས་འཛུགས་ལས་དོན་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པར་མ་ཟད། བཞུགས་མོལ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཁག་གིས་རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། སྤྱི་ཚོགས་འཛུགས་སྐྲུན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེའི་གལ་ཆེན་རང་བཞིན་སྔར་ལས་མངོན་གསལ་ཅན་དུ་འགྲོ་བཞིན་ཡོད། སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྐང་འཛིན་ཡིན་པའི་དམངས་སྲིད་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྡེ་ཁག་གིས་རྒན་གསོའི་ཞབས་ཞུ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་འགན་སྲུང་སོགས་ཀྱི་ལས་དོན་ཁྲོད་ཕན་འབྲས་མངོན་གསལ་ཅན་བླངས་ནས། རང་རེའི་ཞིང་ཆེན་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད་ཟེར།

རྟོག་ཞིབ་ཚན་ཁག་གིས་དུས་སྐབས་གསར་པའི་སྤྱི་ཚོགས་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས་ན། ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་འཛུགས་སྐྲུན་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཚོགས་འཛུགས་སྐྲུན་གྱི་ལས་འགན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་མངོན་སུམ་ཆེ་རུ་གཏོང་དགོས། ངེས་པར་དུ་འགན་འཁྲིའི་ངེས་གནས་གཏན་འཁེལ་བྱས་ཏེ། དམངས་ཆེན་ལས་དོན་དང་སྤྱི་ཚོགས་འཛུགས་སྐྲུན་སྡེ་ཁག་གིས་འགན་འཁྲི་སྒྲུབ་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། འགྲོས་མཐུན་མཉམ་འབད་དང་མཐུན་སྦྱོར་ཤུགས་འདོན་བྱས་ནས། དམངས་ཆེན་དང་སྤྱི་ཚོགས་འཛུགས་སྐྲུན་སྡེ་ཁག་གིས་དམངས་འཚོ་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི“སེམས་མཐུན་སྒོར་དབྱིབས”འཛུགས་སྐྲུན་བྱས་ཏེ། དམངས་འཚོའི་ལས་དོན་མཉམ་དུ་ཏན་ཏིག་དང་ཞིབ་ཕྲའི་ངང་ལེགས་པར་བསྒྲུབ་དགོས། ངེས་པར་དུ་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་འགན་འཁུར་རྒྱུར་ཤུགས་བསྣན་ཏེ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ལས་ཀའི་མཉམ་ཤུགས་གྲུབ་པར་བྱེད་རྒྱུ་དང་འགན་འཁུར་རྒྱུར་ཤུགས་སྣོན་རྒྱག་པའི་ཁྲོད་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པའི་ཁྲོད་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། མཉམ་དུ་འབད་འཐབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།