ཟླ6པའི་ཚེས25ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས26པས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་བརྗེ་རེས་ཚོགས་འདུ་ཟི་ལིང་དུ་བསྡུས། ཀྲུང་གོར་སྡོད་པའི་པོ་ཧེ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཞི་ཉིས་ཧྲ·པེ་ཨར་དབྱང་དང་། ཀྲུང་གོར་སྡོད་པའི་མོ་ཞི་ཁོ་རྒྱལ་ཁབ་གཞུང་ཚབ་ཁང་གི་ཚོང་དོན་གཞོགས་འདེགས་མཁན་ཧྲིན་ཏིས་ཡ་ཀི·ཐོ་ལའེ་ཏའོ་ཡིས་ཤིས་ཚིག་ཕུལ་ཞིང་། ཀྲུང་གོར་སྡོད་པའི་མོ་ཞི་ཁོ་རྒྱལ་ཁབ་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཨིན་རོས་ཁུན·ཨའེ་སི་ཁཱ་མིས་ཡ་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་ཚོགས་འདུར་ཞུགས།
བརྗེ་རེས་ཚོགས་འདུའི་སྟེང་དུ། ཕྱོགས་གཉི་གའི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མིས་འབྲེལ་ཡོད་ཐོན་ལས་དང་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་རྒྱུར་དམིགས་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས། ཀྲུང་གོའི་མོ་ཞི་ཁོའི་ཚོང་ཚོགས་དང་ཆིས་མའེ་སྡེ་ཚོགས། ཅིན་ཧྥ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱི་འཐུས་མིས་རང་ངོས་འཕེལ་རྒྱས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྱི་རང་སོ་སོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ལག་ལེན་གྱི་དཔེ་གཞི་མཉམ་སྤྱོད་བྱས། མཚོ་སྔོན་ཞིང་ཆེན་ཚོང་འགུག་ཅུའུ་དང་། ཀྲུང་ཧྥུའུ་ཧྲིན་ཡིན་ཐཱན་ཚི་སྣ་ཟི་ལིང་ཚད་ཡོད་ཀུང་ཟི། ལུང་དབྱང་ཀྲི་ཞིན་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱི་འཐུས་མིས་མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་མདུན་ལམ་སྐོར་ནས་ངོ་སྤྲོད་གསལ་བོ་བྱས། ཀྲུང་གོའི་མོ་ཞི་ཁོའི་ཚོང་ཚོགས་ཀྱིས་ད་དུང་མཚོ་སྔོན་ཞིང་ཆེན་ཚོང་འགུག་ཅུའུ་ལ་མཉམ་ལས་དྲན་ཐོ་བརྗེ་རེས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།