ལིས་ཆང་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ལོ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས།
2025.06.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་པེ་ཅིང་དུ་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ལོ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་པེ་ཅིང་དུ་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ལོ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་བཙུགས་པའི་དུས་འགོར་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་དེ་ཆེད་ལས་དང་ནུས་མཐོ། སྤྱོད་གཙང་བཅས་ཀྱི་ཕྱོགས་མང་གསར་སྤེལ་དངུལ་ཁང་གསར་པ་ཞིག་ཏུ་བསྐྲུན་དགོས་པ་བཏོན། ལོ10ཡི་རིང་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་ཁོངས་མི57ནས110བར་རྒྱ་བསྐྱེད་ཡོད། བྱ་གཞག་བསྟུད་མར་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་དང་བསྟུན། ཁོངས་ཞུགས་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་བསྩལ། འཛམ་གླིང་གི་དངུལ་རྩ་བཅོས་སྐྱོང་ཐད་དཔེ་རྣམ་གསར་སྐྱེད་དང་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ཐད་དཔེ་མཚོན་གསར་པ་བཏོད་ཡོད།

ལིས་ཆང་གིས་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་འཕེལ་རྒྱས་ལ་ཐུགས་རེ་གསུམ་བཏོན་ཡོད་དེ། གཅིག་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་དཀའ་ངལ་གྱི་མདུན་དུ་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པ་དང་། གཉིས་ནི་ཉོ་འཚོང་རྣམ་པ་བསྐྱར་སྐྲུན་གྱི་མདུན་དུ་རྒྱལ་སྤྱིའི་གླེང་མོལ་དང་བརྗེ་རེས། མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། གསུམ་ནི་འཛམ་གླིང་བཅོས་སྐྱོང་གི་འགྲན་སློང་མདུན་དུ་རང་ངོས་ཀྱི་ཕྱོགས་མང་ལས་སྟེགས་ཀྱི་ནུས་པ་གསར་པ་འདོན་སྤེལ་ལེགས་པོ་བྱེད་དགོས།

ལིས་ཆང་གིས་ད་ལོར་ཀྲུང་གོའི་དཔལ་འབྱོར་ལ་ཕྱི་ཕྱོགས་ཀྱི་རྡུང་རྡེག་ཐེབས་པའི་མདུན་དུ་འཕེལ་ཕྱོགས་བཟང་པོ་མངོན་ཡོད། མ་འོངས་པའི་ཀྲུང་གོའི་དཔལ་འབྱོར་སྔར་བཞིན་འཛམ་གླིང་དཔལ་འབྱོར་གྱི་གཤིན་ས་ལྟ་བུ་ཡིན། ཀྲུང་གོའི་ཁྲོམ་ར་ཆེན་པོའི་ཤོངས་སྐྱེད་སྤུས་འདེགས་ལས་ཁེ་སྤོགས་འབོར་ཆེན་ཐོབ་སྟེ། རྒྱལ་ཁབ་སོ་སོར་ཉོ་འཚོང་དངུལ་གཏོང་གི་གོ་སྐབས་སྔར་ལས་མང་པོ་སྩོལ་བ་དང་། “ཀྲུང་གོའི་བཟོ་སྐྲུན”ནས“ཀྲུང་གོའི་གསར་གཏོད”ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་ནས། འཕར་ཚད་གསར་རྐྱང་གི་བར་སྟོང་གཏོད་ངེས་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་དང་རྒྱུན་མཐུད་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྩོལ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གིས་འོད་སྟོང་འཕྲོ་བའི་ལོ་བཅུ་གསར་པ་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་བསྐུལ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་བསྐུལ་ཆེད་བྱས་རྗེས་གསར་པ་འཇོག་འདོད་ཡོད་པ་བསྟན།

ཝུའུ་ཀྲིན་ལུང་འགོ་རྩོམ་མཛད་སྒོར་ཞུགས།

ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཕན་ཚུན་མཉམ་འབྲེལ་གྱིས་འཕེལ་རྒྱས་ལ་རམ་འདེགས་དང་། མཉམ་ལས་བྱས་ནས་དར་རྒྱས་མཉམ་གཏོད”ཅེས་པ་དེ་ཡིན། ནོར་སྲིད་པུའུ་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པ་ཡིན། ཡ་གླིང་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་འགོ་གཙོ་ཅིན་ལི་ཆོན་དང་ཁོངས་ཞུགས་རྒྱལ་ཁབ་སོ་སོའི་ལས་འཛིན། འཛམ་གླིང་གི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་གསར་སྤེལ་ལས་ཁུངས་ཀྱི་འགན་འཁུར་པ།  དངུལ་རྩའི་ལས་ཁུངས་གལ་ཆེན་དང་སྒེར་གཉེར་སྡེ་ཁག་གི་འགན་འཁུར་པ། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་ཚབ་སོགས་མི2500ཙམ་འགོ་རྩོམ་མཛད་སྒོར་ཞུགས།