ཀྲའོ་ལི་ཅི་དང་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་གཉིས་ཀས་མཉམ་དུ་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་བརྗེ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པར་འགོ་འཛིན་མཛད།
2025.06.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་པུའུ་ལང་ཕི་ཝེ་དང་མཉམ་དུ་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་བརྗེ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པར་འགོ་འཛིན་མཛད་པ་མ་ཟད་གཙོ་དོན་གཏམ་བཤད་གནང་།

         རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་པུའུ་ལང་ཕི་ཝེ་དང་མཉམ་དུ་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་བརྗེ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པར་འགོ་འཛིན་མཛད་པ་མ་ཟད་གཙོ་དོན་གཏམ་བཤད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན།  ན་ནིང་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བཙུགས་ནས་ལོ60འཁོར་བའི་སྐབས་སུ།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཙུང་ཐུང་མ་ཁི་ལུང་དང་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་འཛུགས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ངོས་འཛིན་གཅིག་མཐུན་བྱུང་བ་མ་ཟད།  དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན། ཟླ་སྔོན་མར་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཞལ་པར་བསྐྱོན་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་བར་སྣེ་ཁྲིད་གནང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧྥ་རིན་སི་ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱུས་ལོན་གྱི་མཛའ་བརྩེའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་འབྲེལ་ཟམ་འཛུགས་པ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་དང་། མིས་ཐབས་རིག་ནུས་དང་ལྗང་མདོག་ཐཱན་ཉུང་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་གྲོས་མོལ་དང་གླེང་མོལ་བྱས་པ་བརྒྱུད་ཉོ་འཚོང་གི་འགལ་བ་ཐག་གཅོད་འོས་འཚམ་བྱེད་དགོས། ཕན་ཚུན་རྒྱུས་མངའ་དང་མཛའ་བརྩེའི་མི་གཞུང་འབྲེལ་ཐག་ཇེ་དམ་དུ་བཏང་ནས། ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དགོས། ཐའེ་ཝན་གནད་དོན་ནི་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ཡིན་ལ། ཧྥ་རན་སི་ཕྱོགས་ཀྱིས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་ཞུས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ཡིད་ཆེས་ཡོད།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན།  ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧྥ་རན་སིའི་གྲོས་ཁང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་འདོན་སྤེལ་བྱེད་པ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་འདོན་སྤྲོད་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་ཀྱིས་ཡོ་གླིང་གི་གྲོས་ཁང་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་རླིང་ངང་འཕེལ་བར་རོགས་རམ་བྱེད་འདོད་ཡོད།

པུའུ་ལང་ཕི་ཝེ་ཡིས་བརྗོད་དོན་གཏམ་བཤད་གནང་སྐབས། ཧྥ་རན་སི་དང་ཀྲུང་གོ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། གཅིག་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་། ད་ལྟའི་ཛ་དྲག་གི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཧྥ་རན་སི་དང་ཀྲུང་གོའི་བར་གྱི་འབྲེལ་འདྲིས་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་། གཉིས་ཕན་གྱི་སྙིང་སྟོབས་ལ་བརྟེན་ནས་ཉོ་འཚོང་དངུལ་གཏོང་དང་མིས་ཐབས་རིག་ནུས། གནམ་གཤིས་འགྱུར་ལྡོག  རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱུར་རེ་བ་བྱས་ཡོད་ལ། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་བགྲོ་གླེང་བརྗེ་རེས་གཏིང་ཟབ་བྱས་ཏེ། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་བར་གསོན་ཤུགས་གསར་པ་སྣོན་འདོད་ཡོད་པ་བསྟན། 

ལིས་ཧུང་ཀྲུང་ཚོགས་འདུར་ཞུགས།