ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོར་ཐུག་འཕྲད་བྱས།
2025.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས23ཉིན་ནས་ཚེས26ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དུ་མཉམ་དུའམ་ཡང་ན་སོ་སོའི་ངོས་ནས། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས26པར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོར་ཐུག་འཕྲད་བྱས།

ཀྲུང་གོར་སྡོད་པའི་པོ་ཧའེ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་པ་ཞི་ཉིས་ཧྲ·པེ་ཨེར་དབྱང་དང་། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སུན་ཧྲའོ། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་མེན་ཧྲིན། གུང་གཞོན་ཚོགས་པ་ཧྥུའུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཐིན། ཁྲུང་ཆིན་ཐའོ་རན་ཅུའུ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཡན་ཆི། ཁྲིན་ཏུའུ་རུ་སྡོད་པའི་ཞང་ཀང་དཔལ་འབྱོར་ཉོ་ཚོང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡོན་ཅཱ་ནའོ། ཨའོ་མིན་བཟོ་ཚོང་ཕྱིར་སྡོད་ཡུལ་མིའི་ལས་རིགས་ཀྱི་འཐུས་ཚབ་ཚོགས་པའི་བློ་འདོན་པ་ལེའང་ཧྭ་ཧྥུན། ཧྲན་ཏུང་ཧའེ་ཧྭ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་སུན་ལིན་པའོ། གཤེར་རྒྱུན་ནུས་གསོག་ཚན་རྩལ་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཝང་པོ། པིས་ཡཱ་ཏིས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལིའུ་ཝེ་ཧྭ་བཅས་ཀྱིས་ཐུག་འཕྲད་བྱེད་སྐབས་གཏམ་གླེང་གཙོ་བོ་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་རྒྱང་རིང་ནས་ཕེབས་པའི་སྐུ་མགྲོན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དགའ་བསུ་ཞུས། ཁོ་གཉིས་ཀྱིས་མཚོ་སྔོན་ནི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་ཞིག་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱས་ཏེ། ནུས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བཞིན་ཡོད། མཚོ་སྔོན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྒོ་འབྱེད་སྟེགས་བུ་འདི་སྤྱད་དེ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོའི་བར་དུས་རྣམ་ཀུན་ཏུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། འཕེལ་རྒྱས་ཀྱི་བྱ་གཞག་མཉམ་གཉེར། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བཅས་བྱ་རྒྱུ་ཡིན་ཟེར།

སྐུ་མགྲོན་རྣམ་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་གོ་སྐབས་སུ་བརྩིས་ནས། མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་རྒྱུས་ལོན་བྱས་ཏེ། མཚོ་སྔོན་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥུན། ཉི་མ་སྒྲོལ་མ། ལིའུ་ཁྲའོ། ཝང་ཧའེ་ཧུང་། ཁོང་ཡུང་། ཝང་ཀྲིན་ཁྲང་བཅས་འབྲེལ་ཡོད་ཐུག་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།