རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་བདུན་ཉིན་པེ་ཅིང་དུ་ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་བདུན་ཉིན་པེ་ཅིང་དུ་ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨེ་ཁྭ་ཏོར་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་བཀོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་མཉམ་རྒྱལ་ཡོང་བ་བཅས་བྱས་ནས་ཀྲུང་གོ་དང་ཨེ་ཁྭ་ཏོར་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དོན་སྙིང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨེ་ཁྭ་ཏོར་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་སོ་སོར་བརྗེ་རེས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱ་འདོད་ཡོད།
ནའོ་ཝོ་ཡ་ཡིས་བསྟན་དོན། ཨེ་ཁྭ་ཏོར་དང་ཀྲུང་གོ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་དཀའ་ངལ་ལ་འཕྲད་སྐབས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། རེ་བ་ཡིན་ན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཛའ་བརྩེའི་འགྲོ་འོང་ལ་ཤུགས་སྣོན་པ་དང་ཁྲིམས་འཛུགས་བརྗེ་རེས་བྱས་ཏེ། ཨེ་ཁྭ་ཏོར་དང་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཆེད་གོ་སྐབས་སྔར་ལས་མང་པོ་བསྐྲུན་དགོས།
ཐེ་ཉིང་མཇལ་འཕྲད་ལ་ཞུགས།
ཟླ6ཚེས27ཉིན་གྱི་ཕྱི་དྲོར། ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་དེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།