མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི2025ལོའི་ལོ་ཆུང་གཞོན་ནུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་ཟླ་བའི་བྱ་འགུལ་མགོ་བརྩམས།
2025.06.28 ཁུངས། ཀློག་གྲངས། 0

ཟླ6ཚེས27ཉིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི2025ལོའི་ལོ་ཆུང་གཞོན་ནུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་ཟླ་བའི་བྱ་འགུལ་ཟི་ལིང་དུ་མགོ་བརྩམས་པ་དང་། 《ཡིད་རྟོན——ཀྲུང་གོའི་ཞིང་བཟོ་དམར་དམག་ནུབ་ལམ་དམག་རྗེས་དྲན་ཁང་དུ་བསྐྱོད་པའི》ཆེད་དོན་སློབ་གསོའི་གློག་བརྙན་སྤྲོད་པའི་མཛད་སྒོ་བསྡུས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཅི་ཞའོ་དང་ཀའོ་རུའུ་ཀྲུའུ་མཛད་སྒོར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ལས་བྱེད་རྒན་པ་དང་འཐབ་མོ་བ་རྒན་པ། ཆེད་མཁས་རྒན་པ། དགེ་རྒན་རྒན་པ། དཔེ་ལེགས་མི་སྣ་རྒན་པ་དང་ཟི་ལིང་གྲོང་ཁྱེར་གྱི་སློབ་མའི་འཐུས་ཚབ་བཅས་མི་སུམ་བརྒྱ་ལྷག་མཛད་སྒོར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་ཆུང་གཞོན་ནུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་ཟླ་བའི་བྱ་འགུལ་སྤེལ་བ་ནི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལགབསྟར་བྱེད་པའི་བྱེ་བྲག་གི་མཚོན་ཐབས་ཡིན་ལ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྙན་ཕབ་དང་སྒྲིག་བཟོ་བྱས་པའི《ཡིད་རྟོན》ཞེས་པའི་ཆེད་དོན་སློབ་གསོའི་གློག་བརྙན་གྱིས་རང་ཞིང་གི་ཕུན་སུམ་ཚོགས་པའི་དམར་པོའི་ཐོན་ཁུངས་ཡུལ་དངོས་སུ་སྒྱུར་བ་དང་། ལོ་རྒྱུས་རྒྱུ་ཆ་དང་ལོ་རྒྱུས་དོན་དངོས་སློབ་དེབ་དུ་སྒྱུར་ནས། ལོ་ཆུང་གཞོན་ནུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་ཟླ་བའི་བྱ་འགུལ་གྱི་ནང་སྙིང་སྔར་ལས་གཏིང་ཟབ་ཏུ་བཏང་།

 ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བྱ་འགུལ་གྱི་གཞི་རྟེན་གསར་གཏོད་དང་། ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བརྗོད་དོན་གཙོ་བོའི་ལག་ལེན་བྱ་འགུལ་སྣ་ཚོགས་རྒྱ་ཁྱབ་ཏུ་སྤེལ་བ། 《རྡོ་རིང》དང་《དད་མོས》ཞེས་པའི་ཆེད་དོན་སློབ་གསོའི་གློག་བརྙན་གྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་ཆུང་གཞོན་ནུས་ལོ་རྒྱུས་བསླབ་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་བསླབ་ནས་ཡིད་རྟོན་འཕེལ་བ། ལོ་རྒྱུས་བསླབ་ནས་ཀུན་སྤྱོད་བརྩི་བ། ལོ་རྒྱུས་བསླབ་ནས་ལག་བསྟར་ནུས་པ་འཕེལ་བར་སྐུལ་ལྕག་བྱས་ཤིང་། ལོ་ཆུང་གཞོན་ནུས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་དམར་པོའི་གཞི་རྒྱུ་ཁྲོད་ནས་མདུན་སྐྱོད་སྟོབས་ཤུགས་བསྡུ་ལེན་བྱེད་པར་ཁྲིད་སྟོན་བྱས་པར་མ་ཟད། བསམ་པའི་ཡུལ་ཁམས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཕུགས་བསམ་གྱི་རིན་ཐང་སྐུལ་སྤེལ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སློབ་སྦྱོང་ཁྲོད་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། དམར་པོའི་རིགས་གཞུང་དྲིལ་བསྒྲགས་བྱེད་པ། དམར་པོའི་ས་བོན་འདེབས་འཛུགས་བཅས་བྱས་ནས། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་ཆེ་རུ་གཏོང་བ་དང་། འགན་འཁྲི་འཁུར་བར་སྐུལ་མ་གཏོང་བ། ཕུགས་བསམ་ཆེན་པོ་འཛུགས་པ་དང་། ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ། འཇོན་མིར་འགྱུར་བ། འགན་འཁྲི་ཆེན་པོ་འཁུར་བར་སྐུལ་ལྕག་བྱས་ཡོད།

ཤ་བོ་གསེར་མཚོས་བསྒྱུར།