རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་པེ་ཅིང་དུ་གྲོལ།
2025.06.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཚེས་27ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཚེས་27ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་གསར་དུ་བཟོ་བཅོས་བྱས་པའི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་བྱས་པའི་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་རྒྱུའི་སྐོར་གྱི་སྤྱི་ཆིངས》གི་ཐག་གཅོད་ལ་ཆོག་མཆན་གནང་བའི་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2024ལོའི་ཀྲུང་དབྱང་ངེས་རྩིས་ལ་ཆོག་མཆན་གནང་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2024ལོའི་ཀྲུང་དབྱང་ངེས་རྩིས་ལ་ཆོག་མཆན་གནང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་མེའོ་ཧྭ་ཡི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་བླངས།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་ཀྲིན་ཡན་ཞུང་རྒྱལ་ཡོངས་དམངས་ཆེན་སློབ་གསོ་དང་ཚན་རིག  རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་འཇོག་བྱས་པ་དང་། ཝུའུ་ཙིན་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་བླངས།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་ནས་ཝུའུ་ཙིན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་འབྲེལ་ཡོད་བརྡས་ཐག་གཅོད་པའི་དོན་དག་འགྲུབ་རྗེས་ཀྲའོ་ལི་ཅི་ཡིས་གསུང་བཤད་གནང་།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི་གསར་དུ་བཟོ་བཅོས་བྱས་པའི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་བྱས་པའི་ཚུལ་མིན་འགྲན་རྩོད་ལ་རྒོལ་བའི་བཅའ་ཁྲིམས་འདི་གཉིས་ནི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཚོང་རའི་དཔལ་འབྱོར་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པ་དང་འབྲེལ་བ་དམ་པོ་ཡོད་པས། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།

གྲོས་ཚོགས་ལས་རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་པའི་སྐོར་གྱི་སྤྱི་ཆིངས་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དེས་ཀྲུང་གོ་འཛམ་གླིང་བཅོས་སྐྱོང་ནང་ཞུགས་རྒྱུ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་སྲུང་སྐྱོང་བྱེད་པའི་འགན་ཁུར་རྒྱལ་ཁབ་ཆེན་མོའི་སྣང་བརྙན་སྔར་ལས་མངོན་པར་ཕན་ཐོགས།

ཀྲའོ་ལི་ཅིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དམངས་ཆེན་གྱི་སྤྱོད་ཚུལ་ལེགས་སྐྱོང་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་དགོས། 《རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྲུང་བྱ》ལག་བསྟར་ནན་མོ་བྱས་ཏེ།  སྤྱོད་བཟང་གཞུང་དྲང་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་བཏོད་དེ་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། སྤྱོད་ལམ་བཟང་པོར་སློབ་སྦྱོང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གཅིག་ཏུ་སྒྲིལ་བ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་ཏེ་རང་རྟོགས་ཀྱིས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་ཁྲིམས་ལྟར་གོ་རིམ་བཞིན་ལས་དོན་ནན་མོ་བསྒྲུབ་དགོས། དངོས་སྒྲུབ་དངོས་གཉེར་རྒྱུན་འཁྱོངས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཚོགས་སྲོལ་དང་ལུགས་སྲོལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས།

གྲོས་ཚོགས་མཇུག་སྒྲིལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བདུན་པ་སྤེལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅིས་འགོ་འཛིན་མཛད། སློབ་གསོ་པུའུ་ཏང་ཙུའི་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕིང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་པའི་བརྗོད་དོན་འཆད་ཁྲིད་གནང་།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས27ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།