ལིས་ཆང་གིས་སེ་ནེ་ཀལ་གྱི་ཙུང་ལི་དང་མཇལ་འཕྲད་གནང་།
2025.06.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་ཉེར་བདུན་ཉིན་པེ་ཅིང་དུ་ཀྲུང་གོར་ཡོང་ནས་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁི་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་ཉེར་བདུན་ཉིན་པེ་ཅིང་དུ་ཀྲུང་གོར་ཡོང་ནས་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་དང་སེ་ནེ་ཀལ་གཉིས་ནི་འཛམ་གླིང་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་སྔར་ལས་མངོན་གསལ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་དང་སེ་ནེ་ཀལ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་འཐབ་ཇུས་ཀྱི་མཛུབ་ཁྲིད་གནང་། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཉོ་ཚོང་དང་ཞིང་ལས། ནུས་ཁུངས་གསར་པ། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྤུས་འདེགས་ཕན་བསྐྱེད་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་ཧྥེ་གླིང་ལ་ཁ་ཕྱོགས་པའི་སྲིད་ཇུས་ཀྱི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་གྱི་ལྟ་བ་སྲུང་འཛིན་བྱས་ཏེ། ཧྥེ་གླིང་གི་རྒྱལ་ཁབ་སོ་སོ་དང་མཐུན་སྒྲིལ་དམ་ཟབ་སྒོས་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་དང་འཕེལ་རྒྱས་དར་སྤེལ་ལ་མཉམ་དུ་སྐུལ་འདེད་གཏོང་ངེས།

སུང་ཁི་ཡིས་བསྟན་དོན། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོ་ནི་མཉམ་ལས་གྲོགས་པོ་ཆེས་གཙོ་བོར་བརྩིས་ཡོད་ལ།   ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག     ཕྱོགས་གཉིས་ཀྱི་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།